བདེ་ཆེན་ནུས་རྒྱུ་གསར་པའི་རླངས་འཁོར་གློག་གསོག་ས་ཚིཊ་སྤྱོད་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཉེ་ཆར། བདེ་ཆེན་གློག་འདོན་ཅུས་གློག་སྣོན་ས་ཚིགས་སུ་ཡུན་ནན་ནུབ་རྒྱུད་ཀྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་ལོ་ཡི་གློག་གསོག་འཕྲུལ་ཆས་ཁག་དང་པོ་སྤྱོད་འགོ་ཚུགས་པ་དང་ནུས་རྒྱུ་གསར་པའི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་རླངས་འཁོར་ཁག་དང་པོ་རྩིས་སྤྲོད་བྱེད་པའི་མཛད་སྒོ་འཚོགས་པ་རེད། འདིས་བདེ་ཆེན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གློག་གསོག་ས་ཚིགས་ཐོག་མ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན་ཡོད།   



ནུས་རྒྱུ་གསར་བའི་རླངས་འཁོར།

    ད་ཐེངས་ཀྱི་བྱེད་སྒོ་འདིས་བདེ་ཆེན་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས།བདེ་ཆེན་གྱི་ཡུལ་སྐོར་ལམ་ཆུང་ལ་དམིགས་པ་དང་། ཡུན་ནན་ནུབ་རྒྱུད་ཀྱི་སྐོར་ལམ་ཆེན་པོར་ཁ་ཕྱོགས་ནས་རིམ་བཞིན་གློག་སྒུལ་འཕྲུལ་འཁོར་ཁོ་ནའི་ཐོག་འགྲོ་སྐྱོད་བྱེད་པའི་ཡོ་བྱད་ཅིག་ཏུ་གྱུར་བར་བྱས་ཏེ་རྒྱལ་ཡོངས་ཀྱི་ས་ཁོངས་ཧྲིལ་པོར་ལྗང་མདོག་འགྲོ་སྐྱོད་བྱེད་པའི་ཡུལ་སྐོར་བྱ་ཡུལ་ཐོག་མ་དེ་གཏོད་རྒྱུ་དང་།   བྱ་སྤྱོད་དངོས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔོ་ཞིང་གཙང་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་རྣམ་བཤད་གལ་ཆེན་ལག་བསྟར་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་གཏོད་པ་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ།   ས་གནས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པ།   སྐྱེ་ཁམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་གནས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཆེད་རེད། 



རླངས་འཁོར་ལ་གློག་གསོག་བཞིན་པ།

    སླད་ཕྱིན་གྱི་ལོ་འགའི་ནང་ལྷོ་ཕྱོགས་གློག་དྲ་ཀུང་སི་ནི་ནུས་རྒྱུ་གསར་རྐྱང་གི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་པའི་རྨང་གཞིའི་ལེ་ལག་ཚང་བའི་ཞབས་ཞུ་བྱེད་མཁན་ཞིག་ཡིན་པའི་ངོས་ནས་སྤུས་རྟགས་གཏོད་རྒྱུ་ཇེ་མགྱོགས་སུ་གཏོང་བ་དང་སྐྱེ་ཁམས་འཛུགས་སྐྱོང་བྱ་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ལ་ལྗང་མདོག་འགྲོ་སྐྱོད་དང་ནུས་རྒྱུ་གསར་བའི་སྒེར་འཁོར་གཏོང་བའི་རྣམ་པ་བཅས་ལ་སྔར་ལས་ལྷག་པའི་ནུས་ཤུགས་འདོན་གྲབས་ཡོད།