ནཊ་ཕག་མཚོ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ངེས་བརྒྱུད་ལམ་ཐིག་ཏུ་གྱུར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     དབྱར་ཕ་མ་འདྲ་བོ་ཐོན་ལ་ཉེ་བ་ན་ནགས་ཕག་མཚོ་ཞིང་ཆེན་རིམ་པའི་སྲུང་སྐྱོང་ཁུལ་དུ་སྐྱེས་སྟོབས་ཀྱི་གསོན་ཤུགས་རྒྱས་པའི་མགོ་བརྩམས་ནས་གང་སར་ཉམས་དགའ་ཞིང་ཡིད་ཀྱི་དང་བ་འདྲེན་པའི་རྣམ་པ་ཞིག་གིས་ཁྱབ་ཡོད།  ཆར་ཆུའི་དྲིན་གྱིས་བསྐྱངས་པ་ན་སྤང་ཐང་སྔོན་མོའི་གཞི་ལ་སྔོ་ལྗང་གི་མྱུ་གུ་འབུས་ཤིང་།  རྟ་ནོར་ལུག་གསུམ་གྱིས་རམ་དཀར་རྩྭ་ལྗང་ཟ་བཞིན་དྭངས་གསལ་གྱི་མཚོ་མོའི་འགྲམ་ནས་བག་གཡེང་གིས་རྩེད་འཇོའི་གར་ལ་རོལ།  འདམ་གཞུང་ན་བྱ་ཁྱུ་ཚོགས་ཀྱིས་སྙན་པའི་སྐད་སྒྲ་འབྱིན་ཅིང་འཕུར་ལྡིང་གར་ལ་རྩེན་པའི་སྣང་བརྙན་འདི་དག་སྐྱིད་པ་ལ་ཨང་། 


    ཡངས་པའི་སྤང་ཐང་གཞི་ནས་གར་གྱི་ཉམས་འགྱུར་མངོན་པའམ།  ཡང་ན་ཡིད་དུ་འོང་བའི་བྱ་ཁྱུ་ལ་གཟིགས་པ།   རྟ་མཆོག་རྒོད་པོ་བྱོན་ནས་རྩྭ་ཐང་གི་མཛེས་སྡུག་ཉམས་སུ་མྱོང་བ། སེམས་དག་བག་ཕེབས་ཀྱིས་མཚོ་འགྲམ་ནས་འཆམ་འཆམ་བྱེད་པ།    ཡང་སེམས་རྣལ་དུ་ཕབ་ནས་མདའ་མོ་འཕེན་པ་སོགས་ལྔ་གཅིག་དུས་ཆེན་རིང་ལྗོངས་ཁུལ་འདིའི་རྟ་རྒྱུག་ཐང་དང་འཁོར་བཞག་ཐང་ཆེན་བཅས་སུ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་མང་པོ་འདུས་ཡོད།  

     སྒེར་འཁོར་བསྐོར་ནས་ནགས་ཕག་མཚོ་ལ་ལྟད་མོ་བལྟ་མཁན་གྱི་ཁྲོད་ན་ཡུན་ནན་གྱི་ཡུལ་སྐོར་བ་མང་པོ་ཞིག་ཡོད།  ཁུན་མིང་གྲོང་ཁྱེར་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ལིས་ལགས་ཀྱིས་བཤད་ན།  སེམས་ཀྱི་ཉི་ཟླར་ཐེངས་མང་པོ་ཞིག་ལ་སླེབས་མྱོང་།   ད་ལོར་ཡིན་ན་གྲོགས་པོ་འགའ་དང་ལྷན་དུ་ཡོང་བ་ཡིན།   ཡུལ་འདི་ནས་ཡུལ་སྐོར་རིག་གནས་དང་མཐོ་སྒང་གི་མཛེས་ལྗོངས།   བོད་ཀྱི་ཟས་རིགས་དག་མ་སོགས་ལོངས་སུ་སྤྱད་ཆོག་པ་མ་ཟད།   ལྷག་པར་ནགས་ཕག་མཚོ་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣང་བ་དེ་ཉམས་སུ་མྱོང་ཆོག་པས་ད་ཐེངས་ཡོང་བར་དོན་ལྡན་བྱུང་སོང་ཟེར།  



    ཤེས་རྟོགས་བྱུང་བར་གཞིགས་ན།   ལྔ་གཅིག་རིང་སྒེར་འཁོར་བཏང་ནས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱ་རྒྱུ་དེ་རྒྱ་ཆེའི་ཡུལ་སྐོར་བའི་ཐོག་མའི་གདམ་ག་ཞིག་ཏུ་གྱུར་ཡོད།  ནགས་ཕག་མཚོ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཉིན་ལྟར་སྒེར་འཁོར་སྟོང་ཕྲག་མང་པོ་ཐོན་ཡོད་པ་དང་།ནགས་ཕག་མཚོ་ལ་མཚོ་སྐོར་བྱ་རྒྱུ་དེ་ནི་རྒྱ་ཆེའི་ཡུལ་སྐོར་བས་བདེ་ཆེན་དུ་ཡུལ་སྐོར་བྱེད་སྐབས་ངེས་པར་དུ་འདེམས་དགོས་པའི་ལམ་ཐིག་ཞིག་ཏུ་གྱུར་ཡོད་པ་རེད།