ཀྲུང་ལུགས་སྨན་རྫས་བསྟེན་ན་ཟས་རིགས་ལ་ཇི་ལྟར་འཛེམ་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-07   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

    ཀྲུང་ལུགས་སྨན་རྫས་ཡང་དག་པའི་སྒོ་ནས་བསྟེན་པ་ནི་སྨན་བཅོས་ཀྱི་ནུས་པ་ལེགས་པོ་ཐོན་པའི་སྔོན་འགྲོ་ཡིན། ཆིང་རྒྱལ་རབས་སྐབས་ཀྱི་སྨན་པ་གྲགས་ཅན་ཞུས་ཏ་ཡུན་གྱིས“ཀྲུང་ལུགས་སྨན་རྫས་བསྟེན་སྐབས་འཛེམ་བྱ་དག་ལ་མ་འཛེམ་ན་ནུས་པ་མི་ཐོན་པར་མ་ཟད། ལྡོག་སྟེ་གནོད་པ་ཐེབས་ངེས་ཡིན”ཞེས་གསུང་བ་ནང་བཞིན། སྨན་བསྟེན་སྐབས་ཀྱི་འཛེམ་བྱ་ནི་ནང་དོན་གལ་ཆེན་ཞིག་ཡིན་ཏེ། འཛེམ་བྱ་ཞེས་པ་ནི་ཀྲུང་ལུགས་སྨན་རྫས་བསྟེན་སྐབས་ཀྱི་བཟའ་བཏུང་སྐོར་གྱི་འཛེམ་བྱར་གོ་བ་རེད།

ནད་གཞི་ཇེ་སྡུག་ཏུ་གཏོང་བའི་ཟས་རིགས།

    ཟས་རིགས་སྐོར་ཞིག་ནི“རུལ་འགྱུར་སླ་བར”ངོས་འཛིན་གྱིན་ཡོད། དེ་དག་བསྟེན་ན་ནད་རིགས་ཁ་ཤས་སམ་ནད་རིགས་ལྗིད་མོའི་རིགས་བསྐྱེད་སྲིད་པ་རེད། དཔེར་ན། ཤ་མོ་དང་སེར་ཤའི་རིགས་མང་དུ་བསྟེན་ན་སྲིབས་རླུང་འཕར་བ་དང་། མཆིན་ནད་ཕོག་ནས་མགོ་བོ་ན་བ་དང་མཆིན་རླུང་འཁྲུགས་པ་སོགས་ཀྱི་ནད་འབྱུང་གིན་ཡོད།

མཚོ་ཟས་མང་ཆེ་བ་ཞིག་ལ་ཚྭ་བྲོ་ཆེ་ཞིང་དྲི་མ་ཁ་བ་སྟེ། དཔེར་ན། ཉ་ལེབ་རིང་དང་། ཉ་སེར། ཉ་ལེབ། པང་ཤ། ཞ། སྡིག་སྲིན་སོགས་ཆུའི་ཐོན་དངོས་ལྟ་བུ། ཟས་རིགས་དེའི་སྐོར་ནི་ཚོར་ལྷག་སྐྱེན་པའི་མི་རྣམས་ལ་མཚོན་ནས་བཤད་ན། ཚོར་ལྷག་ལོག་པའི་རང་བཞིན་གྱི་ནད་འབྱུང་སླ་སྟེ། དཔེར་ན། དབུགས་འཚང་བ་དང་ཟྭ་འབྲུམ་གྱི་ནད་རྟགས་ཐོན་པ་ལྟ་བུ་རེད།

    རུལ་འགྱུར་སླ་བའི་ཟས་རིགས་ཀྱིས་ཚ་རྒྱས་པ་དང་། རྨ་འབྱུང་བ། རླུང་དང་ལུད་པ། ཁོག་སྦས་པ་སོགས་ཀྱི་ནད་འབྱུང་སླ། རྒྱུན་མཐོང་གི་རུལ་འགྱུར་སླ་བའི་ཟས་རིགས་ལ་ལུག་ཤ་དང་། ཕག་སུག ངང་ཤ ནོར་ཤ མཚོ་ཟས། འུ་སུ། ཀེའུ་སོགས་ཡོད་དེ། སྐྱི་ལྤགས་ལ་རྨ་ནད་བྱུང་བ་སོགས་གསོ་བཅོས་བྱེད་སྐབས་རུལ་འགྱུར་སླ་བའི་ཟས་རིགས་དེའི་སྐོར་བསྟེན་མི་རུང་།

    སྨན་རྫས་དང་མཉམ་དུ་སྤྱད་རྗེས་ནད་གཞན་དུ་འགྱུར་བའི་ཟས་རིགས།

    ཟས་རིགས་དང་སྨན་རྫས་ཁ་ཤས་མཉམ་དུ་སྤྱད་ན་ནད་གཞན་པ་དང་མཇུག་འབྲས་ངན་པ་འབྱུང་སྲིད། དཔེར་ན། 《ཤར་ཕྱོགས་གསོ་རིག་མེ་ལོང》ཞེས་པའི་དེབ་ནང་དུ“ཏི་ཧོང་དང་ཧི་ཧྲོའུ་ཝུའུ(地黄 、何首乌 )བསྟེན་པའི་སྐབས་སུ། ལ་ཕུག་མང་དུ་བསྟེན་ན་ཁྲག་ཇེ་ཉུང་དུ་ཕྱིན་ནས་མགོ་སྐྲ་སྔ་མོ་ནས་དཀར་པོར་འགྱུར”ཞེས་བཀོད་ཡོད་པ་ལྟ་བུ་རེད།

    མདོར་ན། ཀྲུང་ལུགས་གསོ་རིག་གི་ནད་བཅོས་དེ་རྩོད་སྒྲུབ་གཞུང་ལུགས་ཀྱི་གསོ་བཅོས་བྱེད་ཐབས་དང་ཁ་འབྲལ་ཐབས་མེད་པས། དེའི་འཛེམ་བྱའི་སྐོར་ལ་ཡང་སྣང་ཆུང་གཏན་ནས་བྱེད་མི་རུང་། གལ་ཏེ་ནད་རིགས་ནི་གྲང་རྟགས་སུ་གཏོགས་པ་དང་། ནད་པའི་ལུས་སྟོབས་ཞན་ཞིང་གྲང་བ་དང་བཙོག་པ་རྙང་ཞིང་སྲབ་པ། ཕོ་བ་ན་བ་དང་ཚ་རྒྱས་པ། རྐང་ལག་གྲང་མོར་འགྱུར་བ་སོགས་མཐོང་ཚེ། གྲང་འཁྱག་དང་འཁྱག་ཟས་མི་ཟ་བ་སྟེ། དཔེར་ན། ཞི་ཀྭ་དང་། ཆང་བ་ལི། ངང་ལག་སོགས་བསྟེན་མི་འོས། ཚ་རྒྱས་པའི་རྟགས་སུ་མིག་མཐའ་དམར་པོར་འགྱུར་བ་དང་།ཚ་རྒྱས་པ། གཞང་འབྲུམ་ལས་ཁྲག་འབབ་པ་དང་། གཉིད་མི་ཁུག་མཁན་བཅས་ཀྱིས་བཅའ་སྒ་རློན་པ་དང་། སུར་པན། སྒོག་པ། སྣུམ་བཙོས་སོགས་ཀྱི་བཟའ་བཅའི་རིགས་བསྟེན་མི་རུང་། །