ཉི་འཛིན་དང་ཟླ་འཛིན་ཇི་ལྟར་བྱུང་བ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-06   རྩོམ་ཁུངས།    拉萨市藏语委办

   

    ཉི་འཛིན་ལ་དམངས་ཁྲོད་ཀྱི་ངག་རྒྱུན་དུ“གཟའ་འོག་རལ་གྱིས་བཟའ་བ”ཞེས་བརྗོད་ཅིང་། བོད་ཀྱི་ས་ཁུལ་མི་ཉུང་བ་ཞིག་ཏུ་རྣམ་རྟོག་གི་ཆ་ལ་བརྩིས་ནས་ཁྱི་དང་ཕག་པ། དེ་མིན་ལྕགས་རིགས་སོགས་སྒྲ་ཐོན་ཐུབ་པའི་དངོས་པོ་ཅི་རིགས་བརྡུང་ནས་གཟའ་འོག་རལ་བྲོས་སུ་འཇུག་པ་ཡིན་ཚུལ་གྱི་གོམས་གཤིས་ཡོད།  དོན་དངོས་ཐོག་དེ་ནི་ཟླ་བའི་གོ་ལའི་འོད་དེ་ཉི་མ་དང་སའི་གོ་ལའི་དཀྱིལ་དུ་སླེབས་པ་དང་་གལ་སྲིད་དེ་གསུམ་དྲང་ཐིག་གཅིག་གི་ཐོག་སླེབས་ན། སའི་གོ་ལར་ཕོག་པའི་ཉི་མའི་འོད་དེ་ཟླ་བའི་གོ་ལས་བཀག་པས་རེད། ཟླ་བའི་གོ་ལའི་རྒྱབ་ཀྱི་གྲིབ་གཟུགས་ནག་པོ་དེ་སའི་གོ་ལའི་སྟེང་ལ་ཕོག་སྐབས་ཉི་འཛིན་གྱི་སྣང་ཚུལ་ཐོན་གྱི་ཡོད། 

    ཉི་འཛིན་ལ་ཉི་མ་རིལ་འཛིན་དང་། ཉི་མ་ཆ་འཛིན།  ཉི་མ་གདུབ་འཛིན། ཉི་མ་ཧྲིལ་འཛིན་བཅས་བཞི་རུ་དབྱེ་ཡོད་ལ། དེ་ནི་མཁའ་དབྱིངས་སུ་འོད་ཐད་ཀར་འཕྲོས་པའི་དཔེ་མཚོན་གྱི་རྣམ་པ་ཞིག་རེད།སྐབས་འགར་མི་རྣམས་ཀྱིས་གློ་བུར་དུ་ཟླ་བའི་གཞོགས་གཅིག་མི་ཚང་བ་དང་། དེ་ནས་ཟླ་བ་ཕྱེད་ཀ་ཙམ་ནས་ག་ལེར་ཡལ་འགྲོ་བ་མཐོང་གི་ཡོད། དེ་ནི་ཉི་མ་དང་། སའི་གོ་ལ། ཟླ་བ་བཅས་དྲང་ཐིག་གཅིག་གི་སྟེང་གནས་སྐབས་ཟླ་བའི་གོ་ལའི་གྲིབ་གཟུགས་ཆ་ཤས་ལས་ཟླ་འཛིན་གྱི་སྣང་ཚུལ་ཐོན་གྱི་ཡོད། ཟླ་བའི་གྲིབ་གཟུགས་སའི་གོ་ལར་ཕོག་པ་དེར་ཟླ་བ་ཆ་འཛིན་ཟེར་བ་དང་། ཟླ་བ་ཧྲིལ་པོའི་གྲིབ་གཟུགས་ཚང་མ་སའི་གོ་ལར་ཕོག་ན་ཟླ་བ་རིལ་འཛིན་ཟེར་གྱི་ཡོད།