བྱིའུ་སྔོན་བྲང་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་སྔོན་བྲང་དཀར་གྱི་མིད་པ་དང་བྲང་ཁ་མདོག་དཀར་པོ་ཡིན་པ་དང་། མགོ་དང་སྐེ། དེ་མིན་ལུས་སྨད་ཀྱི་མདོག་ཁམ་མདོག རྒྱབ་དང་གཤོག་པ། རྔ་མ་བཅས་ཀྱི་མདོག་སྔོན་པོ། གཤོག་པའི་སྟེང་གི་སྒྲོ་སྤུ་དང་གཤོག་སྣེ་མདོག་ནག་པོ་ཡིན་པ་རེད། ཁྱབ་རྒྱ་ཅུང་ཆེ་བ། རྒྱུན་དུ་ཆུ་བོ་དང་འབྲས་ཞིང་ནང་གི་ཡུར་བུ་དང་ནགས་ཚལ། གྲོང་ཁྱེར་གྱི་མེ་ཏོག་ལྡུམ་ར། ཉ་རྫིང་གི་མཐའ་འཁོར་སོགས་སུ་ཁྱབ་ཡོད། 

    བྱིའུ་སྔོན་བྲང་དཀར་རྒྱུན་དུ་ཁེར་རྐྱང་དུ་འགུལ་སྐྱོད་བྱེད་པ་དང་། ཆུ་འགྲམ་གྱི་སྡོང་བོའི་ཡལ་ག་སྐམ་པོ་དང་རྡོ་སྟེང་དུ་མང་ཙམ་ལངས་པ།སྐབས་འགར་གློག་སྐུད་སྟེང་དུ་ལངས་ནས་དུས་ཡུན་རིང་བོར་ཆུ་ངོས་ལ་བལྟས་ནས་གཟན་འཚོལ་གྱིན་ཡོད། གཙོ་བོ་སྒལ་ཚིགས་མེད་པའི་སྲོག་ཆགས་ཏེ། དཔེར་ན་འཛིང་འབུ་དང་སྡོམ་འབུ། སྡིག་པ་རྭ་ཙ། འབུ་སྐྱོགས་སོགས་ཟ་བ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱིའུ་སྔོན་བྲང་དཀར་ནི་མཐོང་དཀོན་པའི་སྲོག་ཆགས་ཀྱི་རིགས་སུ་གཏོགས།