དགོང་ཟས་ཟ་དྲགས་པ་དང་འཕྱི་དྲགས་པའི་སྐྱོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-04   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

༡ ལུས་ལ་ཚོ་འབུད་པའི་ནད། དགོང་མོ་འགུལ་སྐྱོད་ཉུང་བས་ལུས་ཀྱི་ངར་དྲོད་ཕྱིར་བཏང་བ་ཉུང་། ཟས་ཟ་ཚད་བརྒལ་ན་མང་དྲགས་པའི་དྲོད་ཚད་ཚིལ་དུ་གྱུལ་ནས་མི་ལ་ཚོ་འབུད་ངེས།

༢ རྒྱུ་མའི་འབྲས་སྐྲན། དགོང་ཟས་ཚད་ལས་བརྒལ་ན། འཇུ་མི་ཐུབ་པའི་སྤྲི་དཀར། རྒྱུ་ལམ་འབུ་ཕྲས་བསྐྱེད་པའི་དུག་གམ་གནོད་པ་ཡིན་པའི་དངོས་པོ་ཡིས་རྒྱུ་ཆེན་ལ་འབྲས་སྐྲན་འབྱུང་དུ་འཇུག་སྲིད།

༣ ཏོག་རྩ་མཁྲེགས་འགྱུར་གྱི་སྙིང་ནད།  དགོང་ཟས་ཚད་ལས་བརྒལ་ན། མཁྲིས་རྒྱུ་གཤེར་རྩི་ཇེ་མཐོ་དང་ཁྲག་རྩའི་ངོས་ལ་བསོགས་ནས་འཕར་རྩ་མཁྲེགས་འགྱུར་དང་ཏོག་རྩ་མཁྲེགས་འགྱུར་གྱི་སྙིང་ནད་འབྱུང་སྲིད།

༤ གཅིན་པ་མངར་འགྱུར་གྱི་ནད། དུས་རྒྱུན་དུ་ཕོ་བ་འགྲང་དྲགས་ཏེ་གཤེར་མའི་ཕུང་རྩི་མང་པོ་ཟགས་ཐོན་འབྱུང་བར་སྐུལ་མ་ཡང་ཡང་བཏང་ན། དེའི་འགན་ཇེ་ལྕིར་སོང་ནས་གཅིན་པ་མངར་འགྱུར་གྱི་ནད་འབྱུང་བར་བྱེད།

༥ གཅིན་ལམ་རྡོའུ་སྐྲན་གྱི་ནད།  དགོང་ཟས་འགྲང་དྲགས་པ་དང་འཕྱི་དྲགས་ན། གཅིན་གཏོང་བའི་དུས་ཚོད་གཉིད་ལོག་པའི་སྐབས་སུ་ཐོན་པས་གཅིན་ཁུ་གཅིན་ལམ་ནས་བསྡད་དེ་གཅིན་ལམ་རྡོའུ་སྐྲན་དུ་འགྱུར་སྲིད།