ཉིན་འདི་དག་རྡོ་མཁར་རྫོང་དུ་གླུ་གར་གྱི་མཚོ་མོ་འཁྱིལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་5པའི་ཚེས་1ཉིན་བདེ་ཆེན་ཁུལ་གྱིས་2021ལོར་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུས་པའི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་ཞེས་པ་བརྗོད་གཞི་བྱས་པའི་ལྔ་གཅིག་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་བྱེད་སྒོ་སྣ་ཚོགས་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་སྤེལ་འགོ་ཚུགས་པ་རེད།

    རིག་གནས་ལ་བརྟེན་ནས་ཡུལ་སྐོར་ལ་སྐུལ་འདེད་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པའི་རྣམ་པ་བརྒྱུད། འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པ་ཡག་པོ་གཏོད་ཆེད། བདེ་ཆེན་ཁུལ་རིག་གནས་ཡུལ་སྐོར་ཅུས་ཀྱིས“ལྔ་གཅིག”རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།མེ་ཕུང་དགོང་ཚོགས་དང་།མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ།གཞས་གསར་ལེན་པ་དང་བྲོ་གསར་པ་འཁྲབ་པ། ཐང་ཆེན་ཞབས་བྲོའི་འགྲན་བསྡུར། རིག་རྩལ་བརྩམས་ཆོས་འགྲེམས་སྟོན་སོགས་ལ་བརྟེན་ནས་སེམས་ཀྱི་ཉི་ཟླའི་སྣ་མང་གི་མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྣ་མང་གི་མི་རིགས་ཀྱི་ཉམས་འགྱུར་འགྲེམས་སྟོན་བྱས་ཏེ་སེམས་ཀྱི་ཉི་ཟླའི་རིག་གནས་ཡུལ་སྐོར་གྱི་སྤུས་རྟགས་མཐོར་འདེགས་བཏང་བ་རེད།

    ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ནང་དོན་ཕུན་སུམ་ཚོགས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོ་སྒྲིག་འཛུགས་བྱས་ནས། མཉམ་འབྲེལ་ཐོག་རིག་གནས་བྱེད་སྒོ་གཉེར་བ་དང་།མཉམ་འབྲེལ་ཐོག་རིག་གནས་རྣམ་གྲངས་འོས་སྦྱོར་བྱེད་པ།མཉམ་འབྲེལ་ཐོག་རིག་རྩལ་དཔུང་ཁག་སྐྲུན་པ་བཅས་བརྒྱུད་ནས་རང་ཁུལ་གྱི་རིག་གནས་ཕན་ཚུན་མཉམ་འདྲེས་དང་སྤེལ་རེས་བྱེད་རྒྱ་ཆེ་རུ་ཕྱིན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དང་མི་རིགས་ཁག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ་ཏུ་གཏོང་བའི་འདུ་ཤེས་དེ་བས་མི་སེམས་སུ་གཏིང་ཟབ་ཟུག་ཡོད་པ་མ་ཟད།ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱིས་རང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལ་ཤུགས་རྐྱེན་ཐེབས་ཚད་ཉུང་དུ་གཏོང་གང་ཐུབ་བྱས་ནས་རིག་གནས་ཡུལ་སྐོར་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།