བདེ་ཆེན་མཐོ་སྒང་གི་ངལ་རྩོལ་བས་རང་གི་ལས་གནས་ཐོག་ནས་དུས་ཆེན་བསུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-05-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ད་ལོའི་ལྔ་གཅིག་གུང་གསེང་རིང་ཉིན་ལྔ་ཡི་གུང་གསེང་གཏོང་བས། ཉིན་འདི་དག་རིང་ནང་མི་ལྷན་འཛོམས་བྱས་ནས་དགའ་དགའ་སྤྲོ་སྤྲོའི་ངང་དུས་ཆེན་རོལ་ཆོག་ལ། རང་གི་འདོད་པ་ལྟར་གང་སར་ཡུལ་སྐོར་དུའང་འགྲོ་ཆོག འོན་ཀྱང་མི་ཁག་གཅིག་གིས་རང་ཉིད་ཀྱི་ངལ་གསོ་གུང་གསེང་དོར་ནས་མ་གྲོས་གཅིག་མཐུན་གྱིས་ལས་གནས་བརྟན་སྲུང་བྱས་ཏེ།ལས་གནས་ཐོག་ནས་དུས་ཆེན་བསུ་བ་རེད། ཁོ་ཚོ་ནི་ཆེས་མཛེས་ཤོས་ཀྱི་མི་ཡིན་པས།ང་ཚོས་ཁོང་ཚོ་ལ་སྙིང་ཐག་པ་ནས་གུས་འདུད་ཞུ།

བཟོ་བ།

    བོད་འབྲེལ་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་མཇུག་འགྲིལ་བའི་དུས་མཚམས་སུ་སླེབས་པས། མང་ཚོགས་ཀྱི་ཁྱིམ་དུ་དུས་ཐོག་ཏུ་དྲོད་རླངས་མཁོ་འདོན་བྱེད་ཆེད། བཟོ་པ་ཚོས་ལས་དུས་དམ་འཛིན་བྱེད་ཀྱི་ཡོད། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ཁྱེད་ཚོའི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་གྲོང་ཁྱེར་འདི་ལ་ཉིན་རེ་བཞིན་འགྱུར་ལྡོག་གསར་པ་བྱུང་བཞིན་ཡོད།

    གཏེར་མ་རོང་ལམ་དུ་གནས་པའི་གསེར་ཟམ་ཕྱོགས་བསྡུས་རླངས་འཁོར་འཇོག་ས་གི་རྣམ་གྲངས་ཨར་སྐྲུན་བྱ་ཡུལ་དུ་ཨར་སྐྲུན་བཟོ་པ་ཚོ་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མཐོང་རྒྱུ་ཡོད།ལས་བཟོ་བས་རྣམ་གྲངས་འདི་འགག་རྩའི་ལྷུ་ཚིགས་སུ་སླེབས་པས་ལས་ཡུན་བདེ་བླག་ངང་རྩིས་སྤྲོད་ཐུབ་པར་འགན་ལེན་བྱ་ཆེད།ང་ཚོས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱེད་ཀྱི་ཡོད་ཅེས་བཤད། ཨར་སྐྲུན་བཟོ་པ་ཚོས་རླངས་འཁོར་འཇོག་ས་སྔ་ཙམ་ལེགས་གྲུབ་བྱུང་ནས་བེད་སྤྱོད་ཐུབ་རྒྱུར་རང་ཉིད་ཀྱི་ནུས་ཤུགས་གང་ཡོད་ཕུལ་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

སྨན་བཅོས།

    སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་ཀྱི་ལན་ཆིའུ་སྤོ་ལོའི་འགྲེམས་ཁང་དུ་སྨན་དོན་མི་སྣས་གྲོང་མིར་ཏོག་གསར་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་བཞིན་ཡོད། ཁྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་ཚོས་དཀའ་སྡུག་གི་རྔུལ་ཆུ་ལས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བདེ་འཇགས་ཀྱི་མཁར་རྫོང་ཞིག་བསྐྲུན་ཡོད།

ཉེན་རྟོག

    ཟླ་5པའི་ཚེས་1ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་རུ་ཆེན་གྱི་དམིགས་བསལ་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ནས་ལྔ་གཅིག་རིག་གནས་ཡུལ་སྐོར་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོར་བདེ་འཇགས་འགན་ལེན་གྱི་ལས་དོན་སྤེལ་ནས་བྱེད་སྒོ་ཁག་བདེ་འཇགས་དང་།གོ་རིམ་ལྡན་པ།བདེ་བླག་བཅས་ཡོང་བར་འགན་ལེན་བྱས་པ་རེད། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ཁྱེད་ཚོ་ཡོད་པས་ང་ཚོས་གཞི་ནས་བདེ་འཇགས་ངང་དུས་ཆེན་གྱི་སྤྲོ་སྣང་ལོངས་སྤྱོད་བྱེད་ཐུབ།

འགྲིམ་འགྲུལ། 

    གུང་གསེང་རིང་འགྲིམ་འགྲུལ་གནོན་ཤུགས་ལྡབ་འགྱུར་འཕར་ཡོད། ཡིན་ནའང་ང་ཚོའི་འགྲིམ་འགྲུལ་ཉེན་རྟོག་དང་རླངས་འཁོར་འཇོག་རིན་བསྡུ་མཁན་གྱིས་ཁོ་ཚོའི་བློས་གཏོང་ལ་བརྟེན་ནས་འགྲིམ་འགྲུལ་ཁ་འགྲེམས་བྱས་པ་རེད། ཁྱེད་ཚོར་ཐུགས་རྗེ་ཆེ།ཁྱེད་ཚོས་གུང་གསེང་གི་འཚང་ཁ་ཞི་ལྷོད་དུ་བཏང་བ་རེད།

ཚོང་བ།

    དུས་ཆེན་གང་ཞིག་ཡིན་རུང་ཁྲོམ་རའི་ཚོང་པ་ཚོར་ངལ་གསོའི་དུས་ཚོད་མེད། ཁོང་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་ཀྱི་ཡོད་ལ་གྲོང་མིར་བདེ་སྐྱིད་དང་བདེ་ཐང་ཡང་མཁོ་འདོན་བྱེད་ཀྱི་ཡོད། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། ཁྱེད་ཀྱིས་ང་ཚོའི་འཚོ་བ་ལ་སྟབས་བདེ་སྐྲུན།

    བོད་ཀྱི་རྒྱན་ཆ་ཚོང་ཁང་གི་སྦྱིན་བདག་མ། ཟླ་5པའི་ཚེས་1ཉིན།བོད་ཀྱི་རྒྱན་ཆ་ཚོང་ཁང་གི་སྦྱིན་བདག་ཆོས་སྒྲོན་སྒྲོལ་མས་སྔ་ས་ནས་རྡོ་མཁར་རྫོང་ཕུན་ཚོགས་ཁྲོམ་རའི་ཕྱི་རོལ་དུ་ཚོང་ཟོག་བཤམས་ནས་ཚོང་རྒྱག་གི་ཡོད།ལྔ་གཅིག་གུང་གསེང་རིང་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་ཁོ་མོའི་བོད་ཀྱི་རྒྱན་ཆ་ལ་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད།མོས་ཉིན་འདི་དག་ནང་ང་དགོང་མོའི་ཆུ་ཚོད་བཅུ་གཅིག་ཐོག་གཞི་ནས་ཚོང་བརྒྱབ་ནས་ཁྱིམ་དུ་ལོག་གི་ཡོད།གལ་སྲིད་ཚོང་ཡག་པོ་ཡོད་ཚེ་ད་དུང་རྒྱན་ཆ་ཁག་གཅིག་བཟོས་ནས་ཡུལ་སྐོར་བའི་དགོས་མཁོ་སྐོང་གང་ཐུབ་བྱེད་ཀྱི་ཡིན་ཅེས་བཤད་བྱུང་།

 ཁོར་སྲུང་།

    ཟླ་5པའི་ཚེས་1ཉིན་སྤྱི་གླིང་བདག་སྐྱོང་བཟོ་པ་དབྱང་ཀྲུང་ཧྭ་ཡི་ངོས་ནས་བརྗོད་ན་ནམ་རྒྱུན་དང་ཁྱད་པར་མེད། ཉིན་འདིར་ཞོགས་པ་སྔ་མོ་ནས་ཁོང་གིས་ཀླུ་ཆུ་སྤྱི་གླིང་གི་ཆུ་ངོས་ནས་འཕྱོ་གཡེང་དངོས་པོ་གཙང་སེལ་དང་།ཤིང་སྡོང་གསབ་འཛུགས་སོགས་བྱས་ནས། ཁོང་གིས་ངལ་རྩོལ་ལ་བརྟེན་ནས་སྤྱིར་བཏང་གི་ལས་གནས་ཐོག་ལྔ་གཅིག་གུང་གསེང་གཏོང་གི་ཡོད། ཁོས་མི་གཞན་གྱིས་ལམ་དེ་གཙང་མ་འདུག་ཅེས་བརྗོད་སྐབས་ངའི་སེམས་ནང་ཧ་ཅང་དགའ་པོ་འདུག་ཅེས་བཤད། 

    ངལ་རྩོལ་དུས་ཆེན་གྱི་ཉིན་དེར་ཁོར་ཡུག་འཕྲོད་བསྟེན་མི་སྣ་བློ་བཟང་གཡང་འཛོམས་ཀྱིས་གཏེར་མ་རོང་ལམ་དུ་གཙང་སྦྲ་བྱེད་བཞིན་ཡོས།མོས་ཁོར་ཡུག་གཙང་སྦྲའི་ལས་མི་བྱས་པ་ནས་བཟུང་ང་ཚོས་དུས་ཆེན་གཏོང་གི་མེད་ཅེས་བཤད། ལོ་8རིང་ཁོ་མོས་སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ལས་མི་མང་པོ་ཞིག་དང་འདྲ་བར་དུས་ཆེན་དང་ངལ་གསོའི་ཉིན་མེད་པར། ཁོ་ཚོས་རང་གི་རྔུལ་ཆུ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་གཙང་ཤིང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་མི་རྣམས་ལ་ཕུལ་ཡོད། ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་བ་ནི་བླ་ན་མེད་པ་དང་གུས་བཀུར་ཞུ་འོས་པ་ཞིག་རེད།ང་ཚོས་ཁྱེད་ལ་བསྟོད་པའི་མཐེ་བོང་བསྒྲེངས། 

དང་བླངས་པ།   

    ཁུལ་དཔེ་མཛོད་ཁང་གི་དང་བླངས་མི་སྣ་ཧོ་ལང་ཅིན་གྱིས་ལྔ་གཅིག་གི་རིག་གནས་ཡུལ་སྐོར་གཟའ་འཁོར་རིང་ང་དང་བླངས་ཞབས་ཞུའི་དཔུང་ཁག་ནང་ཞུགས་ནས་རིག་གནས་འཁྲབ་སྟོན་ཁག་གི་ཁྲོད་དུ་ཨང་རྟགས་གཙང་སེལ་དང་།ལུས་པོའི་དྲོད་ཚད་འཇལ་བ། ཁ་རས་སྟེབ་བ་སོགས་ཀྱི་འགན་འཁུར་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཡུལ་སྐོར་བར་ཞབས་འདེགས་ཞུས་ཡོད།ངས་ལྔ་གཅིག་གི་ལས་གནས་ཡག་པོ་སྲུང་རྒྱུ་ཡིན་ཞེས་བཤད་པ་རེད།

རིག་རྩལ།

    ཟླ་5པའི་ཚེས་1ཉིན། ཟླ་འོད་ཐང་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་འཁྲབ་ཐོག འཇོལ་རྫོང་གཡག་རྭ་བོད་རིགས་དམངས་སྲོལ་རིག་གནས་རྒྱུན་འཛིན་མཐུན་ཚོགས་ཀྱི་ཚོགས་གཙོ་ཟླ་བས་མི་ཚོགས་ཁྲོད་དུ་འགྲེམས་འཁྲབ་བྱེད་བཞིན་ཡོད། ཁོང་གིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན།ལྔ་གཅིག་གུང་གསེང་རིང་ང་ཚོར་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཐེངས་4བྱས་ཡོད།འཁྲབ་སྟོན་བྱེད་ཐེངས་རེར་ཆུ་ཚོད་གཅིག་ཡན་རྒྱུན་མཐུད་བྱེད་དགོས་ཡོད།ཧ་ཅང་ཐང་ཆད་ཀྱང་སེམས་པ་དགའ་པོ་བྱུང་། ང་ཚོས་དེའི་ནང་ཞུགས་རྒྱུ་རྒྱུན་འཁྱོངས་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམས་སྟོན་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱས་ནས་ཡུལ་སྐོར་བར་དེ་བས་ལེགས་པའི་ཡུལ་སྐོར་མྱོང་རོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།