2020ལོར་བོད་ལྗོངས་སུ་རོང་འབྲོག་མང་ཚོགས་ཁྲི61སྤོ་བསྒྱུར་ལས་ཞུགས་ཐུབ་པར་མངོན་འགྱུར་བྱུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-30   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རོང་འབྲོག་མང་ཚོགས་ལ་སྲིད་ཇུས་བློ་འདྲི་དང་། ལས་རིགས་མཛུབ་སྟོན། ཁྲིམས་ལུགས་རོགས་སྐྱོར་སོགས་ཀྱི་ཞབས་ཞུའི་མཁོ་སྤྲོད་བྱས་པ་བརྒྱུད། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ལག་བཟོའི་ཐོན་རྫས་ལས་སྣོན་སོགས་ཀྱི་ཐབས་ལ་བརྟེན་ནས་རོང་འབྲོག་མང་ཚོགས་ལས་ཞུགས་ཐུབ་པར་གྱུར་ཞིང་ཁོ་ཚོའི་ཡོང་འབབ་འཕར་བའི་ཐད་ནུས་བ་གང་ལེགས་བཏོན་པ་རེད། 

        ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་བོད་ལྗོངས་སུ་བསྡོམས་པས་རོང་འབྲོག་མང་ཚོགས་ཁྲི61སྤོ་བསྒྱུར་ལས་ཞུགས་མངོན་འགྱུར་བྱུང་སྟེ་ངལ་རྩོལ་གསར་གཏོད་ཀྱི་ཡོང་འབབ་སྒོར་དུང་ཕྱུར47.1ལ་ཟིན་ཡོད། །