ཆི་ཅན་ཞིན་གྱིས་རུ་སྣེ་ཁྲིད་དེ་“གྲངས་འཛིན་ཡུན་ནན”འགྲེམས་སྟོན་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་4པའི་ཚེས་26ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཆི་ཅན་ཞིན་གྱིས་རུ་སྣེ་ཁྲིད་དེ་ཁུན་མིང་གྲོང་ཁྱེར་ཡུན་ནན་རྩོམ་རིག་སྒྱུ་རྩལ་ཁང་དུ་བཙུགས་པའི“གྲངས་འཛིན་ཡུན་ནན”འགྲེམས་སྟོན་ལྟེ་གནས་སུ་ལྟ་སྐོར་དང་སློབ་སྦྱོང་བྱས་ནས། ཉེ་བའི་ལོ་ཤས་རིང“གྲངས་འཛིན་ཡུན་ནན”འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་དང་བཀྲག་མདངས་འཚེར་ས་མྱོང་རོལ་བྱས་པ་རེད།

    འགྲེམས་སྟོན་ལྟེ་གནས་སུ་ཆི་ཅན་ཞིན་དང་བཅས་པས་གྲངས་འཛིན་བཟོ་ལས་དང་། གྲངས་འཛིན་ཞིང་ལས། རིག་ལྡན་ཡུལ་སྐོར། གནད་སྨིན་དབུལ་སྐྱོར་སོགས་བརྗོད་དོན་གཙོ་བོའི་འགྲེམས་ཁང་15ལ་རིམ་པ་བཞིན་ལྟ་སྐོར་བྱས་པ་རེད། ཆི་ཅན་ཞིན་དང་བཅས་པས་བློ་རྩེ་གཅིག་སྒྲིམ་ངང་“གྲངས་འཛིན་ཡུན་ནན”གྱི་ཁྱབ་ཁོངས་ཁག་གི་འཛུགས་སྐྲུན་གྲུབ་འབྲས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཆེས་མདུན་གྲལ་དང་ཆེས་སྔོན་ཐོན་གྱི་གྲངས་འཛིན་ལག་རྩལ་དང་གྲངས་གཞིའི་ཞབས་ཞུ་ཉམས་ལེན་བྱས། ཡུན་ནན་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་གསར་པ་མྱོང་ཚོར་བྱས་པ་རེད། 

    ཆི་ཅན་ཞིན་གྱིས་ལྟ་སྐོར་བྱས་རྗེས། གྲངས་འཛིན་ཡུན་ནན་ནི་གྲངས་འཛིན་ཅན་གྱི་བྱ་ཐབས་ཐོག་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་བས། ཡུན་ནན་དུ་སྤུས་ཚད་མཐོ་བའི་མཆོང་སྐྱོད་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།  གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་“གྲངས་འཛིན་ཡུན་ནན་”འཛུགས་སྐྲུན་སྐོར་གྱི་ལས་ཀའི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། བསམ་བློའི་ངོས་འཛིན་དང་ཆབ་སྲིད་ཀྱི་ས་ཚིགས་སྔར་བས་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་ལས་བྱེད་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་གྲངས་འཛིན་ལག་རྩལ་གྱི་གྲུབ་འབྲས་གསར་ཤོས་ལ་སློབ་སྦྱོང་བྱས་ནས“གྲངས་འཛིན་བདེ་ཆེན”འཛུགས་སྐྱོང་གི་བསམ་འཆར་དང་གྲོས་འགོ་སོགས་དུས་ཐོག་ཏུ་བཏོན་ནས་རང་ཁུལ་གྱི་གྲངས་འཛིན་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་རེད།