བྲག་སྣ་འགོ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྲག་སྣ་འགོ་བ། (1894~1959) བོད་རིགས།  ཐོག་མའི་མིང་ལ་བསོད་ནམས་ཕུན་ཚོགས་ཟེར། རྒྱལ་ཐང་བྲག་སྣ་གྲོང་ཚོའི་མི་ཡིན། སུམ་རྩེན་གླིང་གི་ཁོངས་གཏོགས་ཀྱི་བརྒྱད་གཞི་ཤོག་ཁའི་འགོ་བ་ཡིན་པས།(ད་ལྟའི་སྲིད་འཛིན་གྲོང་སྡེའི་སྡེ་དཔོན་དང་འདྲ)མི་རྣམས་ཀྱིས་ཁོ་ལ་བྲག་སྣ་འགོ་བ་ཞེས་འབོད་པར་གོམས་ཡོད། 1936ལོའི་ཟླ4བའི་ཚེས29ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་འབུམ་དཔུང་གཉིས་པ་དང་དྲུག་པ་རྒྱལ་ཐང་དུ་འབྱོར། བྲག་སྣ་འགོ་བ་ཡིས་དགའ་ལྡན་སུམ་རྩེན་གླིང་དགོན་གྱི་མངགས་བཅོལ་ལྟར། ལུ་རོལ་བསྟན་པ་དང་ཨ་ཁུ་ལུའི་ཁྲིད་ནས་རྫོང་མཁར་དུ་སོང་སྟེ་སྤྱི་ཁང་གི་དམར་དམག་བཀོད་འདོམས་པུའུ་རུ་སྤྱི་ཁྱབ་བཀོད་འདོམས་པ་ཧོ་ལུང་ལ་ཐུག་འཕྲད་བྱས་པ་དང་། ཧོ་ལུང་གིས་འཐུས་མི་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་པ་རེད།

    བྲག་སྣ་འགོ་བ་སོགས་ཀྱིས་ཧོ་ལུང་ལ་ཁ་བཏགས་དང་ངོ་འཕྲད་ཀྱི་ལེགས་སྐྱེས་ཕུལ་ཏེ་ཕེབས་དོན་གསལ་བཤད་བྱས་པ་རེད། ཧོ་ལུང་གིས་ཁོང་ཚོར་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས། དམར་དམག་བཅས་ཀྱི་དམིགས་ཡུལ་དྲིལ་བསྒྲགས་བྱས་པ་དང་། དམར་དམག་ནི་མི་རིགས་ཀྱི་ཁེ་ཕན་ཆེད་དུ་བྱང་སྐྱོད་རི་འགོག་བྱས་པ་ཞིག་ཡིན་པ་གསལ་བཤད་བྱས། བྲག་སྣ་འགོ་བ་དང་བཅས་པས་ཁོང་ཚོས་རི་འགོར་བྲོས་བྱོལ་བྱས་པའི་བོད་རིགས་སྤུན་ཟླར་དམར་དམག་གིས་བོད་རིགས་ཀྱི་ཆོས་དད་ལ་བརྩི་འཇོག་དང་། བླ་མ་དང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་རྒྱུ། ས་གནས་མང་ཚོགས་དང་དགོན་པས་དམར་དམག་ལ་འབྲུ་རིགས་དང་རྩྭ་སོགས་གྲ་སྒྲིག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ལན་བཏབ། བྲག་སྣ་འགོ་བ་སོགས་ཀྱིས་དམག་དཔོན་ཆེ་མོ་ཧོ་ལུང་གིས་ཁོང་ཚོར་གུས་ཞབས་ལྡན་པ་དང་སྐད་ཆ་འཇམ་པོ་ཤོད་པ་མཐོང་སྐབས། དམར་དམག་ནི་དམག་དཔུང་ཡག་པོ་ཞིག་ཡིན་པ་དང་སེམས་ཁྲལ་མེད་པ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།

    བྲག་སྣ་འགོ་བ་ཡིས་འཕྲལ་མར་དགོན་པར་ལོག་རྗེས་དགེ་འདུན་པ་ཆེན་པོ་བརྒྱད་ལ་སྙན་སེང་ཞུས་རྗེས་ལན་བསྐྱོན་རྒྱུ་ཁས་བླངས། ཧོ་ལུང་དགའ་སྤྲོ་ཆེན་པོ་སྐྱེས་ཏེ། དེ་མ་ཐག་སུམ་རྩེན་གླིང་དགོན་པའི་དགེ་འདུན་པ་བརྒྱད་ལ་འཕྲིན་ཡིག་ཅིག་བྲིས། བྲག་སྣ་འགོ་བ་སོགས་སུམ་རྩེན་གླིང་དགོན་པར་ལོག་ནས་དགེ་འདུན་པ་བརྒྱད་ལ་ཧོ་ལུང་གིས་བྲིས་པའི་འཕྲིན་ཡིག་འབུལ་ནས་མཐོང་ཐོས་མྱོང་གསུམ་གླེང་ཏེ་དམར་དམག་གི་སྲིད་ཇུས་བརྒྱུད་བསྒྲགས་བྱས། 

    དེའི་རྗེས་སུ། བྲག་སྣ་འགོ་བ་ཡིས་དགོན་སྡེ་ཆེན་པོ་ནས་དམར་དམག་ལ་ཐེ་ཚོམ་ཟ་བའི་རྣམ་འགྱུར་མ་འཛིན་པར། རྒྱ་མི་དམར་དམག་ནི་ཆིང་སྲིད་གཞུང་མིན་ལ། གོ་མིན་ཏང་ཡང་མ་ཡིན་པར། ཡིད་ཆེས་བྱེད་ཆོག་པའི་བསམ་འཆར་བཏོན། དགོན་པས་ད་ལྟ་རང་འགུལ་ངང་དམར་དམག་ལ་གཞོགས་འདེགས་བྱས་ནས་འབྲུ་རིགས་དང་གཟན་རྩྭ་གྲབས་གསོག་བྱེད་རོགས་བྱས་ཏེ་དམར་དམག་རྣམས་དུས་བདེ་ངང་རྒྱལ་ཐང་ནས་བསྐྱལ་དགོས།དེ་འདྲ་བྱས་ན་ཕྱོགས་གཉིས་ཀར་ཕན་པ་ཡོད་ཅེས་བཤད་པ་རེད། ཟླ་4པའི་ཚེས་30ཉིན། གྲ་རྒན་ཆེན་པོ་བརྒྱད་ཀྱིས་ཡང་བསྐྱར་བྲག་སྣ་འགོ་བ་རྫོང་མཁར་དུ་ཧོ་ལུང་ལ་འཚམས་འདྲི་བྱེད་པར་མངགས། དགོན་པས་འཐུས་ཚབ་མངགས་ནས་དམར་དམག་ལ་འཚམས་འདྲི་བྱས་པས། ཧོ་ལུང་གིས་དགའ་བསུ་བྱས། ཟླ་5ཚེས་1ཉིན་བྲག་སྣ་འགོ་བ་སོགས་འཐུས་མི་བརྒྱད་ཀྱིས་ལག་ཏུ་ཁ་བཏགས་འཁྱེར་ཏེ་ནས་ཆང་དང་རྩམ་པ་ཁུར་ནས་རྫོང་གྲོང་དུ་དམར་དམག་ལ་འཚམས་འདྲི་བྱས། དམར་དམག་གིས་ལག་རྟགས་བླངས་ནས་སྤྲོ་སེམས་འཁོལ་བའི་ངང་འཐུས་མི་བརྒྱད་ལ་སྣེ་ལེན་བྱས། བྲག་སྣ་འགོ་བ་ཡིས་དགོན་པས་འབྲུ་རིགས་གྲ་སྒྲིག་བྱེད་པའི་རྣམ་འགྱུར་བརྒྱུད་བསྒྲགས་བྱས་ཤིང་། ཅུན་ཐོན་གྱི་འགོ་ཁྲིད་དགོན་པའི་ནང་ལྟ་སྐོར་དུ་ཕེབས་རྒྱུར་གདན་འདྲེན་ཞུས། ཧོ་ལུང་གིས་ཁོ་ཉིན་གཉིས་པར་འགྲོ་ཟེར། དུས་མཚུངས་སུ་བྲག་སྣ་འགོ་བ་ཡིས་སེར་སྐྱ་མང་ཚོགས་ལ་དམར་དམག་གི་སྲིད་ཇུས་དང་སྒྲིག་ཁྲིམས་དྲིལ་བསྒྲགས་བྱེད་དུ་བཅུག བྲག་སྣ་འགོ་བ་ཡིས་ཐེངས་གསུམ་ལ་སྤྱི་ཁྱབ་པུའུ་རུ་སོང་བ་དང་། ཁོང་གིས་ཧུར་ཐག་གིས་དམར་དམག་ལ་སྲིད་ཇུས་དྲིལ་བསྒྲགས་དང་། འབྲུ་རིགས་གྲབས་གསོག ཆ་འཕྲིན་སྤེལ་རེས། དམར་དམག་དང་དགོན་སྡེ་ཆེན་པོའི་བར་གྱི་འབྲེལ་བ་ལེགས་བཅོས་བྱས་པས། དམག་དཔོན་ཧོ་ལུང་གི་བསྟོད་བསྔགས་ཐོབ་པ་མ་ཟད། དམིགས་བསལ་གྱིས་རས་དམར་དབྱེ་འབྱེད་ཀྱི་ཕྱི་གཏོང་ལག་ཁྱེར་དེ་ཁོ་པར་སྤྲད་ནས་བསྐོ་གཞག་བཀའ་རྒྱའི་ཡི་གེ་དེ་བྲག་སྣ་འགོ་བ་ལ་སྤྲད་པ་རེད། 

    ཀྲུང་ཧྭ་སུའུ་ཝེ་ཨེ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧུའུ་ནན་དང་། ཧུའུ་པེ། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན་བཅས་ཀྱི་ཡན་ལག་མཐུན་ཚོགས་ཀྱི་བསྐོ་གཞག་བཀའ་ཡིག་གནང་བ་རེད། 

    བྲག་སྣ་འགོ་བ་ཡི་བློ་ཁོག་དང་བྱ་སྤྱོད་ལ་སེར་སྐྱ་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ། རྒྱལ་ཐང་བཅིངས་འགྲོལ་བཏང་རྗེས། བྲག་སྣ་འགོ་བ་ཡིས་རྒྱལ་ཐང་གི་ཆུས་ཀྲང་གཞོན་པའི་འགན་ཁུར།ལྷོ་ནུབ་ཀྱི་ས་ཆ་སོ་སོར་ལྟ་སྐོར་དུ་ཕྱིན། ཁུན་མིང་དུ་བཞུགས་པའི་སྐབས་སུ།ཧོ་ལུང་གིས་པེ་ཅིན་ནས་འདྲ་པར་ཆ་ཚང་ཞིག་དང་དཔེ་དེབ་འགའ་བསྐུར་ནས་དྲན་རྟེན་དུ་བཞག 1957ལོར་བྲག་སྣ་འགོ་བ་སྲིད་གྲོས་བདེ་ཆེན་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས། 1959ལོར་སྐུ་གཤེགས་པ་རེད།