སྐབས་བརྗེའི་འདེམས་བསྐོའི་སྦྱར་ཚིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-29   རྩོམ་ཁུངས།    拉萨市藏语委办

༄༅།། སྐབས་བརྗེའི་འདེམས་བསྐོའི་སྦྱར་ཚིག་རྒྱ་བོད་ཤན་སྦྱར་མ།

换届选举横幅标语藏汉双语版


གྲོང་ཁྱེར་ལྷ་སའི་བོད་སྐད་ཨུད་གཞུང་ལས་ཁང་(རྩོམ་སྒྱུར་ཅུད)ནས་བསྒྱུར།

拉萨市藏语文工作委员会办公室(编译局)译


དང་པོ།  ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བྱ་དགོས་པའི་སྐོར། གྲངས ༧

一、加强党的领导篇(7条)

1. 加强党的领导,充分发扬民主,依法依规选举!

ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་གྱིས་དམངས་གཙོ་འདོན་སྤེལ་གང་ལེགས་ཐོག་ཁྲིམས་བཞིན་འདེམས་བསྐོའི་ལས་དོན་གཉེར་དགོས།

2. 加强党的领导,圆满完成村(社区)“两委”换届工作!

ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་གྱིས་གྲོང་ཚོ་དང་སྡེ་ཁུལ་ཨུད་གཉིས་ཀྱི་སྐབས་བརྗེའི་ལས་དོན་ལེགས་གྲུབ་ཡོང་བ་བྱ་དགོས།

3. 党员走在前,工作就不难!

ཏང་ཡོན་མདུན་དུ་བསྐྱོད་གྱུར་ན།།  བྱ་བ་ཀུན་ལ་ཐོགས་པ་མེད།།

4. 群众富不富,关键看支部!

མང་ཚོགས་ཕྱུག་པོ་ཆགས་མ་ཆགས།།   གཙོ་བོ་ཀྲེ་པུའི་ནུས་པར་ལྟོས།།

5. 抓好村(社区)“两委”换届工作,加强党的执政能力建设!

གྲོང་ཚོ་དང་སྡེ་ཁུལ་ཨུད་གཉིས་ཀྱི་སྐབས་བརྗེའི་ལས་དོན་ལ་དམ་འཛིན་ལེགས་པོ་བྱས་ནས། ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྱོང་ལ་ཤུགས་སྣོན་བྱ་དགོས།

6. 加强农村基层组织建设,夯实党在农村执政根基!

གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས། ཏང་གིས་གྲོང་གསེབ་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས།

7. 密切党群干群关系,夯实党在基层的执政基础!

ཏང་དང་མི་དམངས་དང་། ཏང་དང་ལས་བྱེད་པའི་དབར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཏང་གིས་གཞི་རིམ་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་བརྟན་དུ་གཏོང་དགོས།

 

གཉིས་པ། གཞི་རིམ་དམངས་གཙོ་བཅོས་སྐྱོང་གི་སྐོར། གྲངས ༢༢

二、基层民主治理篇(22条)

1.构建党组织领导下的城乡治理体系!

ཏང་རྩ་འཛུགས་ཀྱི་དབུ་ཁྲིད་འོག་གི་གྲོང་གསེབ་དང་གྲོང་རྡལ་བཅོས་སྐྱོང་གི་མ་ལག་འཛུགས་དགོས། 

2. 加强基层民主政治建设,构建社会主义和谐社会!

གཞི་རིམ་གྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཞི་མཐུན་སྤྱི་ཚོགས་བསྐྲུན་དགོས། 

3. 全面推进村民自治,建设社会主义新农村!

གྲོང་མིས་རང་སྐྱོང་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྱོང་བྱ་དགོས། 

4. 充分发扬民主,严格依法办事!

དམངས་གཙོ་འདོན་སྤེལ་གང་ལེགས་ཀྱིས།། ཁྲིམས་བཞིན་བྱ་བ་ནན་གྱིས་བསྒྲུབ།།

5. 搞好“两委”换届,提高乡村治理水平!

ཨུད་གཉིས་སྐབས་བརྗེའི་ལས་དོན་ལེགས་པོ་སྒྲུབ་ནས། གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།

6. 认真贯彻实施《中华人民共和国村民委员会组织法》!

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ལག་ལེན་མཐར་ཕྱིན་བྱ་དགོས།

7. 认真贯彻实施《中华人民共和国居民委员会组织法》!

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ལག་ལེན་མཐར་ཕྱིན་བྱ་དགོས།

8. 实行民主选举、民主决策、民主管理、民主监督!

འདེམས་བསྐོ་དང་། ཐབས་ཇུས། དོ་དམ། ལྟ་སྐུལ་བཅས་དམངས་གཙོའི་ཐོག་ནས་ལག་བསྟར་བྱ་དགོས།

9. 村“两委”换届选举,是广大村民政治生活中的一件大事!

གྲོང་ཚོ་ཨུད་གཉིས་ཀྱི་སྐབས་བརྗེའི་ལས་དོན་ནི་རྒྱ་ཆེའི་གྲོང་མི་རྣམས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། 

10. 投下一份信任,换回一份满意!

ཡིད་ཆེས་ལྡན་པའི་འདེམས་ཤོག་གཅིག་ལ།།   བློ་ཡིད་ཚིམས་པའི་ལན་ཞིག་འཕྲོད་ངེས།།

11. 一人一票投出群众所望,不偏不倚正直廉洁为民!

མི་རེར་འདེམས་ཤོག་རེ་ཡིས་དམངས་ཀྱི་རེ་བ་འཕེན་དང་།། གཡས་འཁྱོག་གཡོན་འཁྱོག་མེད་པའི་གཞུང་དྲང་དམངས་ཀྱི་ཆེད་ཡིན།།

12. 民主选举村民委员会,是实现村民自治的基础!

དམངས་གཙོའི་ཐོག་ནས་གྲོང་ཚོ་ཨུ་ཡོན་ལྷན་ཁང་འདེམས་བསྐོ་བྱེད་པ་ནི་གྲོང་མིས་རང་སྐྱོང་བྱ་རྒྱུ་མངོན་འགྱུར་ཡོང་བའི་རྨང་གཞི་ཡིན། 

13. 充分发扬民主,体现选举人意志!

དམངས་གཙོ་དར་སྤེལ་གང་ལེགས་ཀྱིས།།  འདེམས་མཁན་མི་ཡི་འདུན་པ་མཚོན།།

14. 珍惜民主权利,踊跃参加村(社区)“两委”换届选举!

དམངས་གཙོའི་དབང་ཆར་གཅེས་འཛིན་བྱས་ནས། གྲོང་ཚོ་དང་སྡེ་ཁུལ་ཨུད་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་ཧུར་ཐག་གིས་ཞུགས་དགོས། 

15. 尊重选民意愿,保障选民权利!

དམངས་ཀྱི་འདུན་པར་བརྩི་འཇོག་གིས།། འདེམས་དམངས་དབང་ཆར་འགན་ལེན་དགོས།།

16. 认真贯彻公平、公开、公正的选举原则!

འདྲ་མཉམ་དང་དྲང་བཞག ཡོངས་བསྒྲགས་བཅས་ཀྱི་འདེམས་བསྐོའི་རྩ་དོན་ལག་ལེན་མཐར་ཕྱིན་བྱ་དགོས།

17. 发扬党内民主,保障党员民主权利!

ཏང་ཁོངས་དམངས་གཙོ་དར་སྤེལ་བཏང་གྱུར་ནས།། ཏང་མིའི་དམངས་གཙོའི་དབང་ཆར་འགན་ལེན་བྱེད།།

18. 增强民主意识,正确行使民主权利!

དམངས་གཙོའི་འདུ་ཤེས་ཇེ་ཆེར་བཏང་གྱུར་ནས།། དམངས་གཙོའི་དབང་ཆ་ལག་བསྟར་འཁྲུལ་མེད་དགོས།།

19. 积极参加选举,行使当家做主权利!

འདེམས་བསྐོའི་ལས་ལ་ཧུར་ཐག་ཞུགས་གྱུར་ནས།། རང་ཁྱིམ་རང་བདག་དབང་ཆ་ལག་བསྟར་དགོས།།

20. 坚持群众路线,充分发扬民主!

མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་ཀྱིས།། དམངས་གཙོ་དར་སྤེལ་གང་ལེགས་དགོས།།

21. 充分发扬民主,做到人人参与!

དམངས་གཙོ་དར་སྤེལ་གང་ལེགས་ཀྱིས།།  མི་ཀུན་ཐེ་ཞུགས་ཐུབ་པ་དགོས།།

22. 珍惜民主权利,投好庄严一票!

དམངས་གཙོའི་དབང་ཆར་གཅེས་འཛིན་གྱིས།། གཟི་བརྗིད་ལྡན་པའི་འདེམས་ཤོག་འཕེན།།


གསུམ་པ། མི་སྣ་བཀོལ་འདེམ་གྱི་ཁྲིད་ཕྱོགས་སྐོར། གྲངས༡༩

三、选人用人导向篇(19条)

1.严格选人标准,提高人选质量!

འདེམས་མིའི་ཚད་གཞི་ནན་སྲུང་གིས།།  འོས་མིའི་སྤུས་ཚད་མཐོར་འདེགས་དགོས།།

2. 村民选好村干部,选好干部为村民!

གྲོང་མིས་འགོ་ཁྲིད་ལེགས་པར་འདེམས།།  འགོ་ཁྲིད་ཡག་པོ་དམངས་ཀྱི་ཆེད།།

3.抓好村(社区)“两委”换届,换出好干部、换出好班子、

换出好风貌!

གྲོང་ཚོ་དང་སྡེ་ཁུལ་ཨུད་གཉིས་ཀྱི་སྐབས་བརྗེའི་ལས་དོན་ལ་དམ་འཛིན་བྱས་ནས། གྲོང་ཚོའི་འགོ་ཁྲིད་ཡག་པོ་ཞིག་དང་། དཔུང་ཁག་ཡག་པོ་ཞིག རྣམ་པ་ཡག་པོ་ཞིག་བཅས་འདེམས་བསྐོ་ཐུབ་པ་བྱ་དགོས།

3. 选好带头人,建设新农村!

སྣེ་ཁྲིད་མི་སྣ་ལེགས་པར་བདམས་གྱུར་ནས།།  གྲོང་གསེབ་གསར་པ་འཛུགས་སྐྲུན་ལྷག་ཏུ་བྱེད།།

4. 选好一届班子,致富一个村子!

དུས་སྐབས་གཅིག་གི་དཔུང་ཁག་ལེགས་བདམས་ནས།།  གྲོང་ཚོ་ཧྲིལ་པོ་ཕྱུག་འགྱུར་ལམ་དུ་ཁྲིད།།

5. 认真选好村干部,早日踏上致富路!

གྲོང་ཚོའི་འགོ་ཁྲིད་ལེགས་པར་བདམས་གྱུར་ནས།། ཕྱུག་འགྱུར་ལམ་བུར་གོམ་སྟབས་སྔ་ཙམ་སྤོ།། 

6. 选好村“两委”,共奔小康路!

གྲོང་ཚོ་ཨུད་གཉིས་ལེགས་པར་བདམས་གྱུར་ནས།།  ཐུན་མོང་ཐོག་ཏུ་འབྱོར་འབྲིང་ལམ་དུ་འགྲོ།།

7. 选好村干部是全村人的幸福!

གྲོང་ཚོའི་འགོ་ཁྲིད་ཡག་པོ་གདམ་རྒྱུ་ནི་གྲོང་ཚོ་ཡོངས་ཀྱི་བདེ་སྐྱིད་ཡིན། 

8. 提倡“两委”交叉任职,提高为民办事效率!

ཨུད་གཉིས་འགན་བབ་བརྗེ་རེས་དར་སྤེལ་གྱིས།། དམངས་ཆེད་ལས་དོན་སྒྲུབ་ཚད་མཐོར་འདེགས་དགོས།།

9. 凭实绩用干部,凭发展选人才!

འཇོན་ནུས་ཇི་བཞིན་གྲོང་ཚོའི་འགོ་ཁྲིད་སྤྱོད།། འཕེལ་རྒྱས་བཞིན་དུ་ཤེས་ལྡན་མི་སྣ་འདོམས།།

10. 坚持正确用人导向,提高选人用人公信度!

མི་སྣ་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་མཐའ་འཁྱོངས་བྱས་ནས། འདེམས་བསྐོ་བྱས་པའི་མི་སྣའི་སྤྱི་མོས་བསམ་པ་མཐོར་འདེགས་བྱ་དགོས།

11. 坚持“老中青”结合,优化班子结构!

རྒན་དར་གཞོན་གསུམ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས།། འགོ་ཁྲིད་དཔུང་ཁག་གྲུབ་ཆ་ལེགས་སུ་གཏོང་།།

12. 选准人、带好路,同努力、共致富!

འདེམས་མི་གནད་ལ་འཁེལ་ནས་ལམ་གྱི་སྣེ་ཁྲིད་བཟང་དགོས།། ཐུན་མོང་འབད་བརྩོན་བྱས་ནས་མཉམ་དུ་ཕྱུག་པོར་བསྐྱོད་དགོས།།

13. 选好人,用好人,人人信服;办好事,干实事,事事惠民!

མི་སྣ་འདེམས་བསྐོ་བཟང་ན་མི་རྣམས་བློ་འཐད་ཆེ་བ།། བྱ་བཟང་དངོས་དོན་སྒྲུབ་ན་དམངས་ལ་ཕན་པ་ཆེ་བ།།

14. 选好一届、受益五年,选好一人、受益全村!

སྐབས་གཅིག་དཔུང་ཁག་ལེགས་བདམས་ན་དེ་ཡི་ཕན་ཡོན་ལོ་ལྔ་དང་།། མི་གཅིག་ལེགས་པར་བདམས་གྱུར་ན་དེ་ཡི་ཕན་པ་གྲོང་ཚོ་ཡོངས།།

15. 为了你我他,选个好当家!

ང་ཚོ་ཚང་མའི་ཆེད་དུ།། འགོ་ཁྲིད་ཡག་པོ་འདོམས་དང་།།

16. 坚持政治标准,严把人选条件!

ཆབ་སྲིད་ཚད་གཞི་མཐའ་འཁྱོངས་ཀྱིས།།  འོས་མིའི་ཆ་རྐྱེན་ནན་པོར་སྲུང་།།

17. 文化素质是基础,工作能力是关键,群众认可是保证!

རིག་གནས་ཀྱི་བྱང་ཚད་ནི་རྨང་གཞི་དང་། ལས་ཀའི་འཇོན་ནུས་ནི་འགག་རྩ། མང་ཚོགས་ཀྱི་མོས་སེམས་ནི་འགན་ལེན་བཅས་ཡིན།།

19.严格标准、规范程序,选出“双好双强”班子!

ཚད་གཞི་ནན་སྲུང་དང་བྱ་རིམ་ཚད་ལྡན་གྱི་ཐོག་ནས་བཀྲ་ཤིས་ཉིས་བརྩེགས་ཀྱི་འགོ་ཁྲིད་དཔུང་ཁག་ཅིག་གདམ་དགོས།


བཞི་པ། སྐབས་བརྗེའི་སྒྲིག་ཁྲིམས་ནན་སྲུང་བྱ་དགོས་པའི་སྐོར། གྲངས༡༤

四、严肃换届纪律篇(14条)

1.扩大党员和群众知情权,切实增强选举工作透明度!

ཏང་ཡོན་དང་མང་ཚོགས་ཀྱི་གནས་ཚུལ་ཤེས་ཚད་ཇེ་མཐོར་བཏང་ནས་འདེམས་བསྐོའི་ལས་དོན་གྱི་ཀུན་གསལ་རང་བཞིན་ཆེ་རུ་གཏོང་དགོས། 

2. 严禁利用家族、宗教和黑恶势力干扰、破坏选举工作!

ཁྱིམ་རྒྱུད་དང་། ཆོས་ལུགས། ནམ་ཚོགས་སྟོབས་ཤུགས་བཅས་ལ་བརྟེན་ནས་འདེམས་བསྐོའི་ལས་དོན་ལ་བཀག་འགོག་བྱེད་པའི་རིགས་ནན་འགོག་བྱ་དགོས།

3. 严肃选举纪律,依法打击破坏选举行为!

འདེམས་བསྐོའི་སྒྲིག་ཁྲིམས་དོ་ནན་གྱིས་སྐབས་བརྗེའི་ལས་དོན་ལ་གཏོར་བཤིག་གཏོང་བའི་རིགས་ལ་ཁྲིམས་བཞིན་རྡུང་རྡེག་གཏོང་དགོས། 

4. 坚决打击破坏换届选举的违纪违法行为!

སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། 

5. 严肃换届工作纪律,保证换届风清气正!

སྐབས་བརྗེའི་ལས་ཀའི་སྒྲིག་ཁྲིམས་ནན་སྲུང་གིས།། འདེམས་བསྐོའི་རྣམ་པ་བཟང་པོར་འགན་ལེན་དགོས།།

6. 以铁的纪律保证换届工作顺利进行!

སྒྲིག་ཁྲིམས་དམ་སྲུང་གིས་སྐབས་བརྗེའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱ་དགོས།

7. 以最坚决的态度整肃不正之风,用铁的纪律保证换届风清气正!

ལས་ཀའི་རྣམ་འགྱུར་ནན་པོས་ཚུལ་མིན་དག་ཐེར་བྱ་དགོས།།  འདེམས་བསྐོའི་སྒྲིག་ཁྲིམས་དམ་པོས་རྣམ་བཟང་འགན་ལེན་བྱ་དགོས།།

8. 营造风清气正换届环境,保证换届工作顺利进行!

སྐབས་བརྗེའི་རྣམ་པ་བཟང་པོ་བཏོད་གྱུར་ནས།། འདེམས་བསྐོ་བདེ་བླག་ཡོང་རྒྱུར་འགན་ལེན་དགོས།།

9. 破坏换届选举将受到法律的严惩!

སྐབས་བརྗེའི་འདེམས་བསྐོའི་ལས་དོན་ལ་གཏོར་བཤིག་བཏང་ཚེ་ཁྲིམས་གཅོད་ནན་པོ་བྱ་རྒྱུ་ཡིན། 

10. 实行公平竞争,接受群众监督!

འདྲ་མཉམ་འགྲན་རྩོད་ལག་བསྟར་གྱིས།།  དམངས་ཀྱི་ལྟ་སྐུལ་དང་དུ་ལེན།།

11. 坚持时间服从质量,确保换届工作实效!

དུས་ཀྱིས་སྤུས་ཚད་དང་ལེན་མཐའ་འཁྱོངས་ཀྱིས།།  སྐབས་བརྗེའི་ལས་ཀའི་ཕན་འབྲས་འགན་ལེན་བྱ།།

12. 健全各级选举监督机制,确保换届选举风清气正!

རིམ་ཁག་འདེམས་བསྐོའི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། སྐབས་བརྗེའི་འདེམས་བསྐོའི་རྣམ་པ་བཟང་པོར་འགན་ལེན་བྱ་དགོས།

13. 严格履行法律规定的选举程序,保证村(社区)“两委”换届工作顺利进行!

ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འདེམས་བསྐོའི་བྱ་རིམ་ལག་བསྟར་ནན་པོ་བྱས་ནས། གྲོང་ཚོ་དང་སྡེ་ཁུལ་ཨུད་གཉིས་ཀྱི་སྐབས་བརྗེའི་ལས་དོན་བདེ་བླག་ཡོང་རྒྱུར་འགན་ལེན་བྱ་དགོས།

14. 严明换届纪律,换出心齐气顺劲足的好局面!

སྐབས་བརྗེའི་སྒྲིག་ཁྲིམས་ནན་སྲུང་བྱས་ནས། མཐུན་སྒྲིལ་དང་ལམ་ལྷོངས། སྟོབས་ཤུགས་བཅས་ལྡན་པའི་གྲོང་ཚོ་དང་སྡེ་ཁུལ་ཨུད་གཉིས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཐུབ་པ་བྱ་དགོས།