བདེ་ཆེན་གྱིས་རྩེར་སོན་སྐྱེ་ལྡན་བཟའ་བཅའི་ཐོན་ལས་གཏོད་པར་བརྩོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-28   རྩོམ་ཁུངས།    云南网讯

    དུས་དེ་རིང་བདེ་ཆེན་དུ་རྒུན་འབྲུམ་ཆུང་བ་ཐོན་ལས་ཆེན་པོར་འགྱུར་བཞིན་ཡོད་པ་དང་། ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཡོད་ལ། འཛམ་གླིང་གི་རྩེར་སོན་པའི“ལྗང་མདོག་བཟའ་བཅའི་བྱང་བུ”གཏོད་རྒྱུར་ཤུགས་སྣོན་བྱེད་བཞིན་ཡོད་པ་རེད།

    འཇོལ་རྫོང་ཡུན་ལིན་ཤང་གསལ་ནང་གྲོང་གསེབ་གྱི་ཁང་བའི་བར་ནས་རི་འདབས་བར་གྲལ་འགྲིག་པའི་རྒུན་འབྲུམ་གྱི་སྒྲོམ་གཞི་མང་པོ་ཡོད་ལ།ཁྱོན་མུའུ་1035ཟིན་ཡོད། 2012ལོ་ནས་བཟུང་སེམས་ཀྱི་ཉི་ཟླའི་ཨ་རག་ལས་རིགས་དང་སྨན་རི་ཨ་རག་ཚོང་ཁང་སོགས་ཁེ་ལས་ཀྱིས་གྲོང་ཚོ་དེ་དང་ཡུན་རིང་མཉམ་ལས་བྱས་པས་རྒུན་འབྲུམ་ཆུང་ཆུང་དེ་དུད་ཚང་184ཡི་གྲོང་མི་ཕྱུག་འགྱུར་ཐུབ།

    འབའ་ལུང་རྫོང་དུ་ཡུན་ནན་བོད་ཡུལ་ཐེན་ཞང་ཨར་ཁང་དུ་ད་ཆ་མུའུ་2500ཡི་རྒུན་འབྲུམ་འདེབས་འཛུགས་ཐོན་ཚད་མངོན་འགྱུར་བྱུང་ཡོད་ལ།2020ལོར་རྒུན་འབྲུམ་ཨ་རག་ཏུན་165ཐོན་སྐྱེད་ཐུབ་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་5000ཙམ་ཟིན་ལ། དེའི་ཁྲོད་ཀྱི་ཐོན་རྫས“འཕགས་པ་ལྷ”ལ་པུའུ་ལོའུ་སེར་ཨར་རྒྱལ་སྤྱིའི་རྒུན་ཆང་གི་བྱ་དགའ་ཆེན་པོའི་འགྲན་བསྡུར་ནང་གསེར་གྱི་བྱ་དགའ་ཐོབ་ཡོད་པ་རེད།

    མིག་སྔར་བདེ་ཆེན་ཁུལ་གྱིས་རྒུན་འབྲུམ་འདེབས་ཁྱོན་མུའུ་ཁྲི་1.27དང་ཐོན་ཚད་ཏུན་6272ཟིན་ནས་ལོ་རེར་རྒུན་ཆང་ཏུན་3100ལྷག་ཙམ་ཐོན་སྐྱེད་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ས་གནས་དེ་གས་རྒུན་འབྲུམ་དང་། ཀྲུང་ལུགས་སྨན་རྒྱུ། ཁྱད་ལྡན་བྱ་རིགས། བཟའ་བྱའི་ཤ་མོ། ནས། སྔོ་ཚལ། ཤིང་རྒྱུད་ཀྱི་སྣུམ་རྒྱུ་བཅས་ལེགས་ལྡན་ཁྱད་ལྡན་ཐོན་ལས་ཆེ་གྲས་བདུན་གཙོ་གནད་ཐོག་འཕེལ་རྒྱས་བཏང་ཡོད། ད་ཆ་འབྲི་གཡག་དང་། བོད་ཕག ཉི་ཤར་བྱ་དེ་བཅས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཐོ་འགོད་སྲུང་སྐྱོང་གི་སྣ་ཁ་ཞིག་ཏུ་གྱུར་ཡོད། གོམ་སྟབས་རྗེས་མར་ད་དུང་རྒུན་འབྲུམ་ཨ་རག་གི“ས་གནས་རྟགས་ཅན”ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་དེ་དག་ལ“རྩེར་སོན་པའི”ཤོག་བྱང་སྦྱར་ཡོད་པ་རེད།

    བདེ་ཆེན་ཁུལ་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་དབྱང་ཧྲུའུ་ཆི་ཡིས་“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ང་ཚོས‘རྫོང་གཅིག་ལ་ཐོན་ལས་གཅིག’གི་བསམ་ཕྱོགས་ལྟར། ཚན་རྩལ་ལ་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། སེམས་ཀྱི་ཉི་ཟླའི་སྤུས་རྟགས་དང་འཛམ་གླིང་གི་ཐོན་ཁུངས་འབྲེལ་མཐུད་དེ་བས་ལེགས་པ་བྱས་ནས་གྲོང་གསེབ་ཡུལ་སྐོར་དང་ཞིང་ལས་ཚད་མཐོའི་མཉམ་འདྲེས་ཐུབ་པ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཚོ་ལས་རྒྱུར་འཚམ་པ་དང་འབྱོར་ཕྱུག་ལྡན་པར་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།