རྒྱལ་ཐང་གྲོས་ཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དེ་ཡང་དམར་དམག་དཔུང་ཚོགས་གཉིས་པའི་དམར་དམག་ཧྲི་བཞི་བ་རྒྱལ་ཐང་རྫོང་(དེང་གི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར)མཁར་དུ་སླེབས་རྗེས། དམར་དམག་གིས་དངོས་པོའི་གྲ་སྒྲིག་བྱེད་པ་དང་མཉམ་དུ།ཧུར་བརྩོན་གྱིས་ཆབ་སྲིད་བསམ་བློའི་བྱ་བ་ལེགས་པར་བསྒྲུབས་ཏེ།རྒྱལ་ཐང་བརྒྱུད་ནས་ཁམས་ནུབ་དུ་དཔུང་སྐྱོད་བྱས་ནས་དམར་དམག་དཔུང་ཚོགས་བཞི་པ་དང་དཔུང་འཛོམས་བྱེད་པར་བསམ་བློའི་གྲ་སྒྲིག་ལེགས་པོ་བྱས་པ་རེད།

        ཟླ་5པའི་ཚེས་3ལ།ཧོ་ལུང་དང་རེན་པི་ཧྲིས་འགོ་འཛིན་འོག དམར་དམག་དཔུང་ཚོགས་གཉིས་པས་རྒྱལ་ཐང་རྡོ་མཁར་རྫོང་སྤྱི་ཁང་དུ་ལན(བརྒྱ་ཤོག་)ཡན་ཆད་ཀྱི་ལས་བྱེད་པ་ཞུགས་པའི་ཏང་གི་བྱ་འགུལ་ཅན་གྱི་གྲོས་ཚོགས་འཚོགས་པ་དང་།  གྲོས་ཚོགས་དེ་ལ་རྒྱལ་ཐང་གྲོས་ཚོགས་ཟེར།

        ཚོགས་འདུའི་ཐོག“ཕན་རྫོང་གྲོས་ཚོགས”ཀྱི་བྱང་དུ་འབྲི་ཆུ་བརྒལ་ནས་དམར་དམག་དཔུང་ཚོགས་བཞི་པ་དང་དཀར་མཛེས་སུ་དཔུང་འཛོམས་སྐྱོད་དགོས་པའི་དགོངས་དོན་ལག་བསྟར་བྱས་པ་དང་། ཕན་རྫོང་ནས་རྒྱལ་ཐང་བར་གྱི་ཟླ་གཅིག་ཙམ་གྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་སྡོམ་བྱས་པ།《ཀྲུང་དབྱང་གི་མིག་སྔའི་གནས་བབ་དང་ཏང་གི་ཐབས་ཇུས་ལམ་ཕྱོགས་སྐོར་གྱི་གྲོས་ཆོད་རྩ་འཛིན་》བརྒྱུད་བསྒྲགས་བྱས་ཏེ། དམག་ཡོངས་ལ་མུ་མཐུད་དུ་བྱང་སྐྱོད་བྱས་ཏེ། ནུབ་བྱང་དུ་རྒྱལ་ཡོངས་ཀྱི་རི་འགོག་གནས་གཞིའི་ས་ཁུལ་འཛུགས་པའི་འཐབ་ཇུས་བྱེད་ཕྱོགས་སྙན་ཞུ་བྱས། བོད་རིགས་ས་ཁུལ་དུ་ལས་ཀ་སྒྲུབ་པའི་སྲིད་ཇུས་དང་ཐབས་ཇུས་ལ་ཞིབ་འཇུག་བྱས་པ། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་རྒྱལ་ཐང་དུ་དུས་ཐུང་ངལ་གསོ་དང་སྦྱོང་སྒྲིག་བྱས་ཏེ་བྱང་སྐྱོད་རི་འགོག་གི་དོན་སྙིང་དྲིལ་བསྒྲགས་སྔར་ལས་ལྷག་པར་བྱས་ནས་རྒྱ་ཆེའི་བོད་དམངས་ཀྱི་རོགས་སྐྱོར་ཐོབ་པ་དང་།དམག་ཕོགས་གྲབས་གསོག་བྱ་རྒྱུ་དང་བོད་རིགས་ས་ཁུལ་གྱི་མང་ཚོགས་ལས་ཀའི་ཐོག་མའི་ཉམས་མྱོང་འཚོལ་ཞིབ་བྱ་རྒྱུར་ཐག་བཅད་པ། དམར་དམག་དཔུང་ཚོགས་གཉིས་པ་དང་དྲུག་པ་གཉིས་ཀྱིས་རྒྱལ་ཐང་ནས་དམག་དཔུང་ཁག་གཉིས་སུ་བགོས་ཏེ་སྡེ་རོང་དང་ཕྱག་ཕྲེང་བརྒྱུད་དེ་དམར་དམག་དཔུང་ཚོགས་བཞི་པ་དང་དཀར་མཛེས་ས་ཁུལ་དུ་དཔུང་འཛོམས་བྱ་རྒྱུ་གཏན་འཁེལ་བྱས་པ་དང་དམག་ཡོངས་ཏང་ཡོན་གྱི་མིག་སྔའི་ལས་འགན་སོགས་བཏོན་པ།

        ཚོགས་འདུའི་ཐོག་ད་དུང་བོད་རིགས་ས་ཁུལ་དུ་ལས་ཀ་བྱེད་པའི་ཆབ་སྲིད་ཀྱི་སྒྲིག་ལམ་བདུན་བཟོས་ཡོད་པ་སྟེ། གཅིག་ནི་དགོན་པར་བཅའ་སྡོད་བྱེད་མི་ཆོག་པ་དང་། གསུང་རབ་མཆོད་རྫས་གཏོར་བརླག་བཏང་མི་ཆོག་པ། དགོན་སྡེ་དང་གྲྭ་བཙུན་ལ་གནོད་འཚེ་བཏང་མི་ཆོག་པ། གཉིས་ནི་བོད་མི་རིགས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། གསུམ་ནི་བོད་དམངས་ཀྱི་མི་ལུས་བདེ་འཇགས་ལ་གནོད་འཚེ་གཏོང་མི་ཆོག བཞི་ནི་བོད་མི་ཁྱིམ་དུ་མེད་པའི་སྐབས་སུ་ནང་དུ་འཛུལ་མི་ཆོག་པ།  ལྔ་ནི་ཡུལ་དཔོན་དང་ཚོང་པ་ཆུང་ཆུང་དག་གི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། བོད་རིགས་ས་ཁུལ་དུ་ཕྱུག་པོ་ལ་རྡུང་རྡེག་མི་བྱས་པ། དྲུག་ནི་ཞིང་ནང་དུ་རྟ་དྲེལ་གཏན་ནས་འཇོག་མི་ཆོག བདུན་ནི་དྲང་གཞག་ཉོ་ཚོང་བྱེད་པ་ལས་མང་ཚོགས་ཀྱི་ཅ་ལག་མི་ལེན་པ་བཅས་གཏན་འཁེལ་བྱས།

        རྒྱལ་ཐང་གྲོས་ཚོགས་ཀྱི་དགོངས་དོན་མྱུར་དུ་རྒྱ་ཆེའི་དམར་དམག་རྣམས་ལ་བརྒྱུད་བསྒྲགས་བྱེད་པའི་ཆེད་དུ། སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཀྲུང་དབྱང་གི་གྲོས་ཆོད་རྩ་གནད་དང་རྒྱལ་ཐང་གྲོས་ཚོགས་ཀྱི་ནང་དོན་དེ་གྲོས་ཚོགས་འཚོགས་པའི་རྣམ་པ་བརྒྱུད་ནས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས། ཟླ5པའི་ཚེས5ཉིན། དམར་དམག་དཔུང་ཚོགས་གཉིས་པ་རྫོང་མཁར་དང་ཁ་བྲལ་རྗེས།དམར་དམག་དཔུང་ཚོགས་དྲུག་པ་རྫོང་མཁར་དུ་ཡོང་ནས་ཆབ་སྲིད་ལས་བྱེད་པའི་གྲོས་ཚོགས་བསྡུས་ཤིང་།རྒྱལ་ཐང་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས།ཆབ་སྲིད་ཨུ་ཡོན་ཝང་ཀྲེན་གྱིས《མིག་སྔའི་གནས་བབ་དང་ལས་འགན་སྙན་ཞུ》དང་།ཆབ་སྲིད་པུའུ་ཡི་ཀྲུའུ་རེན་ཀྲང་ཙི་དབྱི་ཡིས《བོད་རིགས་ས་ཁུལ་གྱི་བྱ་བའི་སྲིད་ཇུས་གནད་དོན་སྐོར་གྱི་སྙན་ཞུ》བྱས། གྲོས་ཚོགས་འདི་དག་ལ་སྤྱོད་གོ་ཆོད་པའི་མི་རིགས་སྲིད་ཇུས་ཆ་ཚང་ཞིག་གྲུབ་ཡོད་པས། དམར་དམག་བདེ་བླག་ངང་བོད་རིགས་ས་ཁུལ་བརྒྱུད་པར་རྨང་གཞི་བཏིང་ཡོད།