ཕྱོགས་བཞི་མཚམས་བརྒྱད་བསྲངས་པའི་བདེ་ཆེན་གྱི་འགྲིམ་འགྲུམ་དྲ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    “བདེ་ཆེན་གྱི་མྱུར་བགྲོད་གཞུང་ལམ་དང་པོ་དེར་རླངས་འཁོར་ཤར་གཏོང་ཐུབ་ཡོད”འདི་ནི་བདེ་ཆེན་ཁུལ་གྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་དགའ་སྤྲོ་ཚད་མེད་སྐྱེས་པའི་གཏམ་བཟང་ཞིག་ཡིན་ལ།         2020ལོའི་ཟླ་12ཚེས་31ཉིན་གྱི་ཆུ་ཚོད་24སྟེང་། བལྟས་ཚོད་ཀྱིས་སྟངས་བདེ་དང་ཆེས་སྤྱིར་བཏང་བ་ཞིག་ཏུ་སྣང་བའི་མཛད་སྒོ་འདིས་བདེ་ཆེན་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་ནང་ལ་བག་ཆགས་ཟབ་མོ་བཞག   

    ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཡུན་ནན་ཞིང་ཆེན་གྱི་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་མྱུར་བགྲོད་གཞུང་ལམ་ཞིག་ཡིན་ལ། སྤྱིའི་རིང་ཚད་སྤྱི་ལེ་140.3ཟིན་པ་དང་།2015ལོའི་ཟླ་བརྒྱད་པར་སྐྲུན་འགོ་ཚུགས་ཤིང་། 2020ལོའི་ཟླ་12ཚེས་31ཉིན་རླངས་འཁོར་ཤར་གཏོང་ཐུབ་པ་རེད། ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་འགྲོ་སྐྱོད་དུས་ཚོད་ཆུ་ཚོད་3ནས་ཆུ་ཚོད་1.5བར་ཐུང་དུ་བཏང་ཡོད།

    བདེ་ཆེན་ཁུལ་གྱིས་དུས་རྟག་ཏུ་“ཁུལ་ནས་ཐོན་དུས་གཞུང་ལམ་མྱུར་བགྲོད་གཞུང་ལམ་ཅན་དང་། ཁུལ་ནང་གི་མ་ལམ་རིམ་པ། ཤང་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་སྣུམ་ནག་ལམ་ཅན། གྲོང་ཚོ་དང་ཚོགས་ཆུང་གི་གཞུང་ལམ་ཁྱོན་ཡོངས་ནས་ཨར་འདམ་ཅན། དྲ་སྦྲེལ་དྲ་རྒྱ་ཅན”བཅས་ཀྱི་ལས་འགན་དམིགས་ཚད་ལ་དམ་པོར་དམིགས་ནས།“123458”ཡི་འཆར་འགོད་ལག་བསྟར་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ཤར་འབྲེལ་སི་ཁྲོན་དང་། ནུབ་འབྲེལ་རྒྱལ་མོ་རྔུལ་ཆུ། བྱང་འབྲེལ་བོད་ལྗོངས། ལྷོ་འབྲེལ་ས་དམ་ཏ་ལི་བཅས་ཀྱི་བགྲོད་ལམ་བཏོད་ནས“བོད་དུ་སྐྱོད་པ་དང་།སི་ཁྲོན་དུ་སྐྱོད་པ།མཐའ་མཚམས་སུ་སྐྱོད་པ”བཅས་ཀྱི་འགྲིམ་འགྲུལ་རྣམ་པ་གསར་པ་བཏོད་ཡོད།

    ཀྲུང་གོ་གསར་པ་དབུ་བརྙེས་པའི་ཐོག་མའི་དུས་སུ་ཁུལ་གྱི་ས་ཁོངས་སུ་ད་དུང་གཞུང་ལམ་མེད་པ་དང་མི་རིགས་ཁག་གི་མང་ཚོགས་ཕྱིར་སྐྱོད་སྐབས་རྐང་པ་གཉིས་ཀ་དང་རྟ་བརྟེན་ནས་ཕྱི་ཕྱོགས་སུ་སྐྱོད་དགོས་པ་རེད།བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་འགྱུར་གླེང་སྐབས་བགྲེས་སོང་བློ་བཟང་ཉི་མས་དེ་སྔ་ཁུན་མིང་དུ་ཉིན་ཁ་ཤས་བསྐྱོད་དགོས་ཀྱི་ཡོད།ད་ཆ་རླངས་འཁོར་བསྡད་ན་ཆུ་ཚོད་6དང་7ལས་འགོར་གྱི་མེད།གནམ་གྲུར་བསྡད་ན་སྐར་མ་50ཙམ་ལས་འགོར་གྱི་མེད།ལོ་མང་རིང་བདེ་ཆེན་ཁུལ་གྱི་འགྲིམ་འགྲུལ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་སུ་ཕྱིན་ཡོད།ང་ཚོ་སྐབས་དེའི་སྤྱི་ཚོགས་ཀྱི་དཔང་བོ་ཡིན་པས་མྱོང་ཚོར་ཟབ་མོ་ཡོད་ཅེས་བཤད།

    ད་ཆ་ཁུལ་དེ་ཡོངས་སུ་རྫོང་ཚང་མར་རིམ་པ་གཉིས་པའི་གཞུང་ལམ་ཤར་གཏོང་ཐུབ་པ་དང་།ཤང་ཚང་མར་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ།གྲོང་ཚོར་ཤར་གཏོང་ཐུབ་པའི་གཞུང་ལམ་ཚང་མ་འདམ་ཡིན་པ།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་ལྕགས་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས།བདེ་ཆེན་དུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ།སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་ལྕགས་ལམ་ཡང་ཤར་གཏོང་ཐུབ་ཉེར་ཡོད་དེ། བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་དང་རྫོང་ཁྲོད་ཀྱི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པའི་ས་ཁུལ་དང་པོར་གྱུར་ལ། གནམ་གྲུ་འབབ་ཐང་དུ་རྒྱས་སྐྲུན་ཐེངས་བཞི་དང་།    སེམས་ཀྱི་ཉི་ཟླའི་འགག་སྒོའི་གནམ་གྲུ་འབབ་ཐང་འཛུགས་སྐྲུན་ལེགས་གྲུབ་བྱུང་བས་བདེ་ཆེན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་མ་ལག་ཏུ་ཁྱོན་ཡོངས་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་སྔར་ལས་མགྱོགས་པོ་བཏང་། གངས་ལྗོངས་ས་མཐོར་གནས་པའི་བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་དྲ་རྒྱའི་མཐའ་སྣེ་ནས་ཡུན་ནན་དང་། བོད་ལྗོངས། སི་ཁྲོན་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་འབྲེལ་མཚམས་ཀྱི་འགྲིམ་འགྲུལ་གྱི་གཙོ་གནད་གྲོང་རྡལ་ཞིག་ཏུ་རིམ་བཞིན་གྱུར་ནས་ཤར་རྒྱུད་དང་བོད་འབྲེལ་ས་ཁུལ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟེ་གནས་ཡིན་པའི་བདེ་ཆེན་གྱི་ས་བབ་ལེགས་ཆ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་རེད།