ཆུ་སྐྱར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཆུ་སྐྱར་ནི་གཟུགས་པོའི་རིང་ཚད་ལ་ལི་སྨི16པས་22ཡོད།ཁ་ཐུང་ལ་བདེ་རྩལ་འཁྱུག་པ། གཤོག་པ་མཇུག་ལ་མི་ཐོན།ལུས་སྟོད་མདོག་སྨུག་པོ་དང་སྒྲོ་སྤུ་ནག་པོ་ཡིན་པ།ལུས་སྨད་མདོག་དཀར་པོ་དང་བྲང་ཁའི་འགྲམ་དུ་སྐྱ་མདོག་གི་ཁྲ་ཐིག་ཡོད། དེའི་ཁྱད་ཆོས་ནི་འཕུར་སྐྱོད་བྱེད་སྐབས་གཤོག་པའི་སྟེང་འཕྲེད་རིས་དཀར་པོ་ཡོད་པ་དང་རྐེད་པར་མདོག་དཀར་པོ་མེད།ཕྱི་གཞོགས་མཇུག་སྒྲོ་ལ་མདོག་དཀར་པོའི་སྣེ་ཐིག་དང་གཤོག་པའི་འོག་ཏུ་མདོག་ནག་པོ་དང་དཀར་པོ་ཅན་གྱི་འཕྲེད་རིས་ཡོད། འཕུར་བའི་སྐབས་སུ་རྔ་མའི་འགྲམ་གཉིས་ཀྱི་མདོག་དཀར་པོའི་འཕྲེད་ཐིག་དང་གཤོག་པའི་སྟེང་གི་ཡངས་ཤིང་རྒྱ་ཆེ་བའི་གཤོག་ཐག་དཀར་པོ་མངོན་གསལ་གྱིས་མཐོང་ཐུབ།ལྡིང་སྐོར་རྒྱག་སྐབས་གཤོག་ཟུང་མར་ཐུར་དུ་གཡོ་བཞིན་ཡོད་ལ།ལུས་པོ་གཞུ་དབྱིབས་སུ་སྣང་ཞིང་།ཡར་ལངས་དུས་མགོ་བོ་དང་མཇུག་མ་གཡུག་པ་རེད།

   གཙང་པོའི་འགྲམ་དང་།མཚེའུ།ཆུ་མཛོད།ཆུ་རྫིང་བཅས་ཀྱི་ངོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད་ལ།མཚོ་ངོགས་དང་།ཆུ་མཛོད།ཉེ་འགྲམ་གྱི་འདམ་ར་རུ་ཡང་འཚོ་སྡོད་བྱེད་ཀྱི་ཡོད།དུས་རྒྱུན་དུ་ཁེར་རྐྱང་ངམ་ཡང་ན་ཕན་ཚུན་ཁ་གཏད་ནས་འགུལ་སྐྱོད་བྱེད་པ།རྒྱུད་འཕེལ་མིན་པའི་དུས་སུ་ཡང་ཚོགས་ཆུང་དུ་འགྱུར་གྱི་ཡོད། རྒྱུན་དུ་རྡོ་མང་པའི་ཆུ་གཏིང་ཐུང་གི་གྲམ་ངོགས་དང་ཆུ་འགྲམ་གྱི་བྱེ་ཐང་ངམ་གཙང་སྙིང་གླིང་ཕྲན་དུ་འགུལ་སྐྱོད་བྱེད་བཞིན་ཡོད།ངལ་གསོ་བའི་དུས་སུ་མང་ཆེ་བ་ཆུ་འགྲམ་གྱི་བྲག་རྡོ་དང་།གཙང་པོའི་ནང་གི་རྡོ་དང་དེ་མིན་གྱི་མངོན་གསལ་དོད་པའི་དངོས་པོའི་ཐོག་འཚོ་སྡོད་བྱེད་ཀྱི་ཡོད། གཙོ་བོ་གཤོག་སྡེ་དང་། འབུ་མེ་ལྕེབས་སོགས་འབུ་སྲིན་ཟས་སུ་བྱེད་པ་དང་།དུང་དཀར་དང་འབུ་སྲིན་སོགས་སྒལ་ཚིགས་མེད་པའི་སྲོག་ཆགས་དང་ཉ་ཆུང་ཡང་ཟ་བཞིན་ཡོད།

    ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོ་ནས་ལྷོ་ས་དབུས་རྒྱ་མཚོ་དང་།དབྱི་རན། རི་བོ་ཧི་མ་ལ་ཡ། ཤར་རི་པིན་སོགས་སུ་སྐྱེད་འཕེལ་བྱེད་བཞིན་ཡོད། ཡོ་རོབ་གླིང་གི་ལྷོ་རྒྱུད་དུ་དགུན་སྐྱེལ་བ།

    ཆུ་སྐྱར་ནི་སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་རྒྱུན་མཐོང་གི་དགུན་སྐྱེལ་བྱ་རིགས་ཤིག་ཡིན་པ་རེད།