བྱ་རྒོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱ་རྒོད་ཀྱི་རིང་ཚད་ལ་ལི་སྨི120ཡོད་པ་དང་།སྟེང་དུ་ནག་ཅིང་དངུལ་མདོག་གི་སྒྲོ་སྤུ་ཡོད་པ་དང་།ཐོད་པ་དང་མགོ་ལ་སྐྱ་མདོག་གི་སྒྲོ་སྤུ་ཡོད་པ།ལུས་སྨད་མདོག་ཁམས་སྐྱ་ཡིན་པ་དང་།རྔ་སྒྲོ་དངུལ་མདོག་ཡིན།ཁ་ཟུར་དུ་སྨ་ར་ནག་པོ་ཡོད།

    བྱ་རྒོད་ནི་ཡོ་རོབ་ཀྱི་ལྷོ་རྒྱུད་དང་།ཨ་ཧྥེ་རི་ཁ།ཨེ་ཤེ་ཡའི་དབུས་རྒྱུད་དང་ལྷོ་རྒྱུད་བཅས་སུ་ཁྱབ་ཡོད།དུས་རྒྱུན་དུ་བར་སྣང་ནས་དུས་ཡུན་རིང་པོར་ལྡིང་སྐོར་རྒྱག་པ་དང་ཟན་འཚོལ་བ་རེད།

    ལྟོགས་པའི་སྐབས་སུ།དེས་ཟས་བཟའ་བཞིན་པའི་བྱ་རིགས་བདའ་ནས་ཟ་མ་འཕྲོག་རེས་བྱས་པ་མ་ཟད།སྤྱིར་བཏང་དུ་བྱ་རིགས་གཞན་པ་དང་ཟ་མ་འཕྲོག་རེས་མི་བྱེད་པར་སྒུག་པ་དང་།བྱ་རིགས་གཞན་པ་ཟས་ཟར་རྗེས་ད་གཟོད་ལྷག་པའི་ཤ་དང་ནང་ཁྲོལ།རུས་པ་སོགས་འཐུས་ནས་ཟ་བ་རེད།

    བྱ་རྒོད་ནི་སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་མཐོང་དཀོན་པའི་བྱ་རིགས་ཤིག་ཡིན།