བདེ་ཆེན་གྱིས་ཁྱད་ལྡན་ཞིང་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2015ལོ་ནས་2020ལོའི་བར་བདེ་ཆེན་གྱིས་རྒུན་འབྲུམ་དང་།ཀྲུང་ལུགས་སྨན་རྫས།་སྒོ་ཕྱུགས་དང་ཁྱིམ་བྱ།་ནས་རིགས།བེ་ཤ་ སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་ས་ཁོངས་ཅན་དང་།གཞི་ཁྱོན་ཅན།རྨང་གཞི་ཅན་བཅས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་བ་དང་།ཁུལ་ཡོངས་ཀྱི་ས་མཐོའི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་12ནས་སྒོར་དུང་ཕྱུར་20བར་འཕར་སྣོན་བྱུང་ཞིང་།GDP་ཡི་བསྡུར་ཚད་བཟུང་ཚད7.2%ནས་7.3%དུ་འཕར་སྣོན་བྱུང་བས།མི་རིགས་ཁག་གི་མང་ཚོགས་ལ་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་མུ་མཐུད་དུ་མཐོར་འདེགས་བྱུང་བས།རྒྱ་ཆེའི་གྲོང་གསེབ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    རྒུན་འབྲུམ་ཐོན་ལས་ཀྱི་ཐད་དུ།2020ལོའི་ལོ་མཇུག་ཏུ་ཁུལ་ཡོངས་སུ་རྒུན་འབྲུམ་འདེབས་ཚད་ཁྱོན་སྤྱི་ཆིང་ཁྲི་0.084ཟིན་པ་དང་ཐོན་ཚད་ཏུན་6272ཟིན།ལོ་རེར་རྒུན་ཆང་ཏུན་3100ལྷག་ཙམ་ཐོན་སྐྱེད་བྱས། སྔ་རྗེས་སུ་སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་དང་མིང་ཡུའེ་ཞན་ཉི་ཧྲེ་སེམས་ཀྱི་ཉི་ཟླར་(འཇོལ་རྫོང་)ཆང་ལས་ཚད་ཡོད་ཀུང་སི།ཡུན་ནན་སེམས་ཀྱི་ཉི་ཟླའི་ཉི་མ་བླ་ཆང་ལས་གསར་སྤེལ་ཚད་ཡོད་ཀུང་སི།ཡུན་ནན་བོད་ཀྱི་ཐེན་ཞང་ཆང་ལས་ཚད་ཡོད་ཀུང་སི་བཅས་ནང་འདྲེན་བྱས། “ཨའོ་ཡུན་”གྱི་རྒུན་ཆང་དང་།སྨན་རིའི་འཁྱགས་ཆང་།འཕགས་པ་ལྷ་འཁྱགས་ཆང་སོགས་རྒྱལ་སྤྱིའི་རིམ་པ་མཐོ་བའི་རྒུན་ཆང་ཚོང་རྟགས་ཁག་ཅིག་ཁྱབ་སྤེལ་བྱས་པ།

    ཀྲུང་ལུགས་སྨན་རྫས་ཀྱི་ཐད་དུ། ཡུན་ཏང་ཀུའེ་དང་།ཡུན་ཤང་རྟ།ཤེལ་ཏང་སོགས་སྨན་རྒྱུ་རིགས་20གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་2020ལོར་སླེབས་སྐབས་ཁུལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྒྱུ་འདེབས་ཁྱོན་སྤྱི་ཆིང་ཁྲི་0.876དང་ཐོན་ཚད་ཏུན་ཁྲི་4.47ཟིན་པ་རེད།

    ཁྱད་ལྡན་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་ལས་ཐད། བདེ་ཆེན་ཁུལ་གྱིས་སྣེ་འདྲེན་ཁེ་ལས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཚགས་ཤའི་རིགས་ཀྱི་ཐོན་རྫས་དང་བོད་ཕག་རིགས་ཀྱི་ཐོན་རྫས་གསར་སྤེལ་བྱས་པ་རེད། 2020ལོར་བདེ་ཆེན་ཁུལ་དུ་ཕག་མགོ་གྲངས་ཁྲི་31.96དང་ཕྱུགས་རིགས་མགོ་གྲངས་ཁྲི་18.38ཡོད་པ་རེད། ཕག་པ་ཁྲི་32.43བཤས་བཏང་བ་དང་འབྲི་གཡག་མགོ་གྲངས་ཁྲི་3.08བཤས་བཏང་ཡོད། ཁྱིམ་བྱ་བཤས་གཏོང་ཚད་མགོ་གྲངས་ཁྲི་116.34ཟིན་པ་དང་བཤས་གཏོང་ཚད་མགོ་གྲངས་ཁྲི་105.52ཟིན་ཡོད་པ་རེད། ཤ་རིགས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་3.13དང་།འོ་མའི་ཐོན་ཚད་ཏུན་ཁྲི་2.21སྒོ་ང་ཐོན་ཚད་ཏུན་ཁྲི་0.07བཅས་ཟིན། འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་11.51ཟིན་ཡོད།

    ནས་ཀྱི་ཐོན་ལས་ཐད། 2020ལོར་སླེབས་སྐབས་ཁུལ་ཡོངས་སུ་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.45དང་ནས་ཐོན་ཚད་ཏུན་ཁྲི་2ཟིན་པ་རེད། བདེ་ཆེན་ཁུལ་གྱིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ལས་སྣོན་གྱི་ནུས་པ་ཧུར་ཐག་ངང་ཆེ་རུ་བཏང་ནས་ནས་ཀྱི་ཨ་རག་སྐམ་པོ་(རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོབ་པ)དང་། ནས་ཀྱི་ཝུའེ་ཧྲེ་ཅི།ནས་ཀྱི་བསྙལ་བའི་བཟོ་རྩལ་སྦི་རག   ནས་རག  ནས་ཀྱི་བཟའ་བཅའ་སོགས་ཐོན་སྐྱེད་བྱས་པ་རེད།

    བེ་ཤའི་ཐོན་ལས་ཐད། བདེ་ཆེན་ཁུལ་གྱི་བེ་ཤའི་ལོའི་ཐོན་ཚད་ཏུན་1000ཡན་ཟིན་པ་དང་ལོ་རེར་འཚོལ་བསྡུ་བྱེད་ཚད་ཏུན་500ནས་900བར་ཟིན་གྱི་ཡོད།ལོ་རེར་ཆ་སྙོམས་བདེ་ཆེན་ནས་ཕྱིར་གཏོང་བྱས་པའི་བེ་ཤ་ཏུན་500ཙམ་ཟིན་གྱི་ཡོད།བདེ་ཆེན་དུ་ལོ་རེར་བེ་ཤའི་ཉོ་ཚོང་བྱེད་ཚད་ཏུན་1000ནས་1300བར་ཟིན་པ་དེས་ཡུན་ནན་ཞིང་ཆེན་གྱི་བེ་ཤ་སོས་པ་ཕྱིར་གཏོང་བྱེད་ཚད་ཀྱི་65%ཡན་ཟིན་ནས་ཡུན་ནན་དང་ཐ་ན་ཀྲུང་གོའི“བེ་ཤའི་ཕ་སར”གྱུར་ཡོད་པ་རེད། ལོ་མང་པོའི་རིང་འབད་བརྩོན་བྱས་པ་བརྒྱུད་བེ་ཤ་སོས་པ་དང་ལས་སྣོན་ཞིབ་ཚགས་སོགས་ཐད་འཕེལ་རྒྱས་བྱུང་ནས་བེ་ཤ་སྐམ་པོ་ སོགས་ཐོན་རྫས་རབ་དང་རིམ་པ་བཏོན་པ་རེད།

    2020ལོར་ཁུལ་ཡོངས་སུ་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་སྤྱི་ཆིང་ཁྲི་9.07སྲ་བརྟན་དང་གསར་སྐྲུན་བྱས་པ་དང་།ཁྱད་ལྡན་ཕྱུགས་རིགས་དང་བྱ་རིགས་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ་154འཕེལ་རྒྱས་གཏོང་པ།ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་690སྐྱེད་སྲིང་བྱས།གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་190འཕེལ་རྒྱས་བཏང་བ།རིམ་རྩིས་བྱས་ན“ཐོན་རྫས་གསུམ་དང་དམིགས་ཚད་གཅིག”གི་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་ཐོབ་པའི་ཞིང་ལས་ཐོན་རྫས་107དང་།ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་6བཅས་ཡོད་པ་རེད།