བདེ་ཆེན་གྱིས་ཡུལ་དངོས་གཞུང་ལས་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་4པའི་ཚེས་16ཉིན། ཞིང་ ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་དུ་སླེབས་ནས་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་འཚོགས་ནས། བདེ་ཆེན་ཁུལ་གྱི་ལས་དོན་ལ་བརྟག་དཔྱད་དང་གནད་སྨིན་མཛུབ་ཁྲིད་བྱས་པས།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བདེ་ཆེན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་།དུས་རབས་གསར་པའི་བོད་འབྲེལ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ།བདེ་ཆེན་ཁུལ་གྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།ཞིང་ཨུའི་ཧྲུའུ་ཅི་རོན་ཁྲེང་ཧྥ།ཞིང་དཔོན་ཝང་ཡུས་པོ་ཡིས་གནང་བའི་གསུང་བཤད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་བརྟག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས། བདེ་ཆེན་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བསྐྲུན་རྒྱུའི་ཚད་གཞི་དང་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”འཕེལ་རྒྱས་ཀྱི་ངེས་གནས་བསྟན་པས། དུས་རབས་གསར་པའི་བདེ་ཆེན་ལས་དོན་ལ་ལྡན་དགོས་ངེས་ཀྱི་ནང་དོན་ཚུད་ཡོད་པ་དང།བདེ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་སྒོའི་ལྡོག་མེད་ཀྱི་བྱེད་ཐབས་ཤིག་རེད།

    ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་ཆབ་སྲིད་ཀྱི་རང་འགུལ་དང་།བསམ་བློའི་རང་འགུལ།བྱ་སྤྱོད་ཀྱི་རང་འགུལ་བཅས་ལ་བརྟེན་ནས། ཞིང་ཨུའི་ཧྲུའུ་ཅི་རོན་ཁྲེང་ཧྥ་དང་ཞིང་དཔོན་ཝང་ཡུས་པོ་ཡི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ།  རྒྱལ་ཡོངས་དང་ཞིང་ཆེན་གྱི་ཁྱོན་ཡོངས་ཁྲོད་ བདེ་ཆེན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་དང་དངོས་སྒྲུབ་འགན་འཁུར་གྱི་སྤྱོད་ཚུལ་ཐོག་ནས་བརྟན་ལྷིང་དང་།འཕེལ་རྒྱས།སྣོད་བཅུད།མཐའ་མཚམས་བཅས་ཀྱི་བརྟན་ལྷིང་གི་དོན་ཆེན་བཞི་དམ་འཛིན་ཏན་ཏིག་བྱས་ཏེ་མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་དཔལ། ཞི་མཐུན།མཛེས་སྡུག་བཅས་ལྡན་པའི་དུས་རབས་གསར་པ་དང་བདེ་ཆེན་གསར་པ་ནུས་ཤུགས་ཡོད་རྒུས་བསྐྲུན་རྒྱུ་ཡིན་པ་རེད།

    བདེ་ཆེན་ཁུལ་གྱིས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་རྒྱུན་མཐུད་བརྟན་ལྷིང་དང་།ཡུན་རིང་བརྟན་ལྷིང་།ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཀྱི་རྣམ་པར་བརྟེན་ནས་རྒྱལ་ཡོངས་ཀྱི་མཐའ་མཚམས་བརྟན་ལྷིང་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།

    བདེ་ཆེན་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་འཐབ་ཇུས་རང་བཞིན་གྱི་ལས་འགན་དེ་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གཏོད་པའི་ཕན་འབྲས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུ་རེད། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་གཅིག་གྱུར་དང་།མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་ཐད་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་དྲང་ནུས་འདོན་སྤེལ་བྱས་ནས་ཁྲིམས་ལྟར་གོ་རིམ་ལྡན་པ་དང་མཐུན་སྒྲིལ་ཞི་མཐུན་གྱི་སྤྱི་ཚོགས་རྣམ་པ་རྒྱུན་ཆད་མེད་པར་བརྟན་དུ་བཏང་སྟེ་ཧུར་ཐག་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གྱི་ཚད་ཤིང་ཞིག་ཏུ་འགྱུར་རྒྱུ།

    བདེ་ཆེན་གྱིས་བོད་འབྲེལ་ཁུལ་དང་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཀྲུང་དབྱང་གི་ནང་དོན་གསར་པ་ལག་ལེན་ནན་ཏན་བསྟར་ནས་ཡུན་རིང་བདེ་འཁོད་ཀྱི་རྩ་བའི་ལས་འགན་དེར་དམ་པོར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཇུས་འགོད་བྱ་རྒྱུ་རེད། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་།གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པར་ཤུགས་རྒྱག་པ།དམངས་འཚོ་ལེགས་བཅོས་གང་ཐུབ་བཅས་བྱ་རྒྱུ། སྣོད་བཅུད་དང་གཞི་རྒྱུའི་ཐོན་ཁུངས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འཛམ་གླིང་གི“ལྗང་མདོག་བཟའ་བཅའི་བྱང་བུ”རྩེ་གྲ་གཏོད་རྒྱུ། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་རིག་གནས་ཡུལ་སྐོར་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཧུར་ཐག་གཏོད་རྒྱུ་བཅས་ཡིན་པ་རེད།

    བདེ་ཆེན་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་།སྣོད་བཅུད་ནུས་པའི་ཁུལ་དང་ས་མཐོའི་སྣོད་བཅུད་ནགས་ཚལ་གྲོང་ཁྱེར་འཛུགས་སྐྲུན་གཏིང་ཟབ་བྱེད་པ།ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་།རི་ཆུ་ཁྲི་སྟོང་སྲུང་སྐྱོང་ཡག་པོ་བྱེད་ནས།ཡུན་ནན་ནུབ་བྱང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཟམ་མི་ཆད་པར་བརྟན་དུ་གཏོང་བ་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལྗང་མདོག་ལེགས་སྐྱེས་འབུལ་རྒྱུ།

    མ་འོངས་བའི་འཆར་གཞི་བཀོད་ཟིན། འབད་འཐབ་བྱེད་པའི་སྐབས་བབ་སུ། བདེ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བདེ་ཆེན་གྱི་ཡུལ་དངོས་གཞུང་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞིང་ཆེན་རིམ་པའི་སྡེ་ཚན་ཁག་གི་མཛུབ་ཁྲིད་དང་རོགས་རམ་འོག  ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་རིག་གནས་མ་ལག་གི་རྣམ་པ་གསར་པ་དང་། ཕྱོགས་ཡོངས་ནས་མཉམ་འདྲེས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ།