ངང་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ངང་ནག་ནི་ཉ་རིགས་ཟས་སུ་བྱེད་པའི་ཆུ་བྱའི་རིགས་ཆེན་པོ་ཞིག་ཡིན་ལ།ལུས་པོའི་རིང་ཚད་ལ་ལི་སྨི་90ཡོད་ལ།ལུས་ཡོངས་ལ་ལྕགས་རིགས་ཀྱི་འོད་མདངས་ལྡན་པའི་མདོག་སྔོ་ནག་ཡིན་པ་རེད།མིག་དང་ཁ་རྒྱབ་ཕྱོགས་ཀྱི་དམར་རྗེན་དུ་མངོན་པའི་སྐྱི་པགས་སེར་པོ་ཡིན་པ་མ་ཟད།རྒྱ་ཆེ་བའི་མདོག་དཀར་པོ་ཡོད། སྐྱེ་འཕེལ་དུས་ཀྱི་སྐེ་དང་མགོ་རྒྱན་ནི་མདོག་དཀར་པོའི་སྤུ་སྒྲོ་དང་།མཆན་ཟུང་ལ་མདོག་དཀར་པོ་ཅན་གྱི་ཁྲ་རྡོག་ཡོད།ནར་མ་ཆགས་པའི་བྱའི་མདོག་སྨུག་པོ་ཡིན་པ་དང་དཀར་ཁྲ་མེད།

    ངང་ནག་ནི་ཀྲུང་གོའི་འབྲི་ཆུའི་བྱང་རྒྱུད་ས་ཁུལ་དུ་རྒྱུད་སྤེལ་བ་དང་དགུན་ཁར་འབྲི་ཆུའི་ལྷོ་རྒྱུད་ས་ཁུལ་དུ་སྤོས་ནས་དགུན་སྐྱེལ་གྱི་ཡོད།ངང་ནག་ནི་ཉ་འཛིན་པའི་ནུས་རྩལ་ཕུལ་དུ་བྱུང་བའི་དབང་གིས་མགྱོགས་མྱུར་ངང་ཆུ་ནང་དུ་འཛུལ་ནས་མཆུ་སྤྱད་དེ་ཉ་རིགས་འཛིན་པ་དང་།གནའ་དུས་ནས་བཟུང་མི་རྣམས་ཀྱིས་འདུལ་གསོ་བྱས་ནས་ཉ་འཛིན་པར་བཀོལ་བ་རེད།

    ཡུན་ནན་དང་།ཀོང་ཞི།ཧུའུ་ནན་སོགས་ས་ཁུལ་དུ་ད་ལྟ་སྔར་བཞིན་འདུལ་གསོ་བྱས་ནས་ཉ་འཛིན་མཁན་ཡོད།ཀྲུང་གོའི་ཤར་ལྷོ་ཕྱོགས་ཀྱི་ཆུ་བོ་དང་མཚོ་འདམ་མཚོ་འགྲམ་བཅས་སུ་སྔོན་ཆད་རྒྱུན་དུ་དོག་ཅིང་རིང་བའི་གྲུ་ཆུང་སྟེང་དུ་མི་ཐབས་ལ་བརྟེན་ནས་སྦྱོང་བརྡར་བྱས་མྱོང་བའི་མི་འགའ་ཞིག་གམ་བཅུ་ལྷག་ཙམ་ཀྲོང་ངེར་ལངས་ཡོད་པ་མཐོང་ཐུབ་པ་དང་།དཀའ་སྤྱད་ཀྱིས་ངལ་རྩོལ་བྱས་ནས་ཉ་པ་རྣམས་ལ་ཉ་འཛིན་རོགས་བྱེད་ཀྱི་ཡོད།སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ངང་ནག་ནི་རྒྱུན་མཐོང་གི་བྱ་རིགས་ཤིག་ཡིན།