ཆུ་སྐྱར་དཀར་པོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆུ་སྐྱར་དཀར་པོའི་ལུས་པོའི་རིང་ཚད་ལི་སྨི་60ཙམ་ཡོད་པ་དང་།  ཆུ་སྐྱར་འབྲིང་གྲས་ཀྱི་ཁོངས་སུ་གཏོགས།  ལུས་ཧྲིལ་པོའི་སྒྲོ་སྤུ་སྐྱར་མོ་རྐང་རིང་ཆེན་པོ་དང་འདྲ་ཞིང་ལུས་ཡོངས་དཀར་པོ་ཡིན།  སྐྱེ་འཕེལ་དུས་ཚིགས་སུ་སྒྲོ་སྔས་ལ་ལན་མའི་དབྱིབས་ཀྱི་རྒྱན་སྒྲོ་ཕྲ་ཞིང་རིང་བ་གཉིས་ཡོད་པ་དང་།  སྐེ་མདུན་དང་རྒྱབ་ལ་མདུང་དབྱིབས་ཀྱི་སྒྲོ་སྤུ་ལྡན།  མིག་སྔོན་ནི་དམར་སྐྱ་ཡིན།   སྐྱེ་འཕེལ་དུས་ཚིགས་མིན་དུས་རྒྱན་སྒྲོ་དང་སྒྲོ་སྤུ་ལྷུང་བ་དང་མིག་སྔོན་ལྗང་སེར་མདོག་ཏུ་གྱུར།

        ཆུ་སྐྱར་དཀར་པོ་ནི་འདམ་ར་དང་འབྲས་ཞིང་། མཚེའུ། གྲམ་ཐང་སོགས་སུ་བབ་གནས་བྱེད་དགའ་བ་དང་།  ལྟོ་འཚོལ་དུས་ཁྱུ་མི་སྒྲིག་པར་ཁ་ཐོར་རྣམ་པའམ་ཁེར་རྐྱང་དུ་གྲམ་ཐང་དང་མཚེའུ་འགྲམ་ཟས་རིགས་ལ་ལྐོག་ལྟ་བྱེད་པ།  ལྟོ་འཚོལ་དུས་རྐང་པ་ཆུའི་ནང་དཀྲུགས་ནས་བརྔོན་དངོས་སྐྲག་ཏུ་བཅུག   གཙོ་བོ་གཤོག་ཁྲབ་ལྡན་པའི་འབུ་རིགས་དང་ཆུ་སྐྱེས་འབུ་སྲིན།  ཉ་རིགས་སོགས་ཟས་སུ་འཛིན་པ་དང་འབྲུ་རིགས་སོགས་རྩི་ཤིང་རང་བཞིན་གྱི་ཟས་རིགས་ཉུང་ཙམ་བཟའ་བའང་ཡོད།

        ཆུ་སྐྱར་དཀར་པོ་ནི་སེམས་ཀྱི་ཉི་ཟླ་ས་ཁུལ་གྱི་རྒྱུན་མཐོང་གི་བྱ་རིགས་ཞིག་ཡིན།