བདེ་ཆེན་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ལག་བསྟར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       ལོ་ལྔ་ཚན་བཅུ་གསུམ་པའི་རིང་བདེ་ཆེན་གྱི་བོད་འབྲེལ་ལས་དོན་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།    དུས་ཡུན་རིང་པོའི་ནང་ཐག་གཅོད་བྱེད་འདོད་ཡོད་ཀྱང་ཐག་གཅོད་བྱེད་ཐུབ་མེད་པའི་བྱ་བ་མང་པོ་ཞིག་ཐག་གཅོད་ཐུབ་ཡོད།    སྔོན་ཆད་སྒྲུབ་འདོད་ཀྱང་འགྲུབ་མི་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།   ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་བ་སོགས་བདེ་ཆེན་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།   

    ཉེ་བའི་ལོ་ཤས་རིང་།    བདེ་ཆེན་ཁུལ་གྱིས་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་ཁྲོད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་སློབ་སྦྱོང་ལག་བསྟར་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག  ཞིང་ཨུའི་ལས་ཀའི་བླང་བྱ་བཅས་ཨང་དང་པོ་ལྔའི་ལམ་སྲོལ་བཙུགས་ནས་ཁྲིམས་ལྟར་བོད་སྐྱོང་དང་།  མི་སེམས་གཅིག་ཏུ་འགྲིལ་བ།རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་ཀྱི་ལས་ཀའི་རྩ་དོན་གལ་ཆེན་དེ་ཞིབ་ཕྲ་ཅན་དང་རྒྱུན་གཏན་ཅན་དུ་གྱུར་ཡོད།    


    ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་བབས་ནང་བདེ་ཆེན་ཁུལ་གྱིས་རིམས་ནད་འགོག་བཅོས་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་བཏང་སྟེ་ཕྱོགས་གཅིག་གི་ནད་ཡམས་ཐོན་ཁུལ་གཙང་པོར་བརྟན་པོར་བསྲུངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ནུས་ལྡན་བྱས་ཡོད།  ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་གཅོད་པའི་དབུལ་སྒྲོལ་འགག་སྒྲོལ་བྱེད་རིང་བདེ་ཆེན་གྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་སྒྲོལ་བྱུང་བ་དང་།   མི་ཁྲི་7.4ཚང་མ་དབུལ་སྒྲོལ་བྱུང་ཡོད།  

    ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་བདེ་ཆེན་གྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཤིང་། ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་ནས་བོད་འབྲེལ་ལས་དོན་ཚད་ལྡན་དུ་བཏང་སྟེ་དར་ཆ་གསལ་སྟོན་དང་།    མདུང་རྩེ་ཁ་སྤྲོད་ཀྱིས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོ་ཐེར་འདོན་དགག་རྒྱག་བྱས་ཡོད་ཅིང་།   ཞི་མཐུན་བརྟན་ལྷིང་གི་རྣམ་པ་སྲུང་སྐྱོང་བཅས་བྱས་ནས་བདེ་ཆེན་འདི་ཉིད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་བོད་འབྲེལ་ཁུལ་དང་།    རྫོང་གི་ཡུན་རིང་བདེ་འཁོད་དང་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་བཟང་ཞིག་ཏུ་འགྱུར་རྒྱུའི་འགན་ལེན་བྱས་ཡོད།   

      

    བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བདེ་ཆེན་ཁུལ་གྱིས་དགོན་སྡེ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པ་དང་ཚད་གཞི་བཞི་རེས་སྐོར་གསོ་སྦྱོང་བྱས་ནས་ཁུལ་ཡོངས་ཀྱི་ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་བཟང་པོ་འགན་ལེན་བྱས་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་རྒྱལ་ཁབ་གཅིག་གྱུར་དང་།   མི་རིགས་མཐུན་སྒྲིལ།   སྤྱི་ཚོགས་བརྟན་ལྷིང་སོགས་ཀྱི་ཐད་དྲང་ནུས་འདོན་སྤེལ་བྱས་ཡོད།   

    དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་བདེ་ཆེན་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རིག་གནས་མ་ལག་གི་རྣམ་པ་གསར་པ་དང་མཉམ་འདྲེས་ཧུར་ཐག་བྱས་ནས་མྱུར་བགྲོད་གཞུང་ལམ་དང་ལྕགས་ལམ་མེད་པའི་ཚད་བརྒལ་ཡོང་བ་བྱས་ཏེ་རིག་གནས་ཡུལ་སྐོར་དང་།    ས་མཐོའི་དེང་རབས་ཞིང་ལས།    ལྗང་མདོག་ནུས་རྒྱུ།    ལྗང་མདོག་གཏེར་ལས་བཅས་ཀྱིས་གཙོ་ཁྲིད་བྱེད་པའི་དེང་རབས་ཐོན་ལས་མ་ལག་སྐྱེད་སྲིང་དང་སྟོབས་ཆེར་ཧུར་ཐག་བཏང་ཡོད། 

 

    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཐད་ས་མཐོའི་སྐྱེ་ཁམས་ནགས་ཚལ་གྲོང་ཁྱེར་ཧུར་ཐག་གིས་བསྐྲུན་ནས་མཛེས་སྡུག་ལྡན་པའི་རྫོང་གྲོང་དང་།    མཛེས་སྡུག་ལྡན་པའི་གྲོང་གསེབ།    མཛེས་སྡུག་ལྡན་པའི་གཞུང་ལམ།    ཁྱད་ལྡན་གྲོང་རྡལ་ཆུང་ངུ་བཅས་བསྐྲུན་རྒྱུར་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་།    ཆུ་དཔོན་ལམ་ལུགས་ལག་བསྟར་གཏིང་ཟབ་བྱས་པ།    དུད་ཁྱིམ་དུ་སྐྱོད་པའི་ལས་གྲྭ་བཅས་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད།     ཁུལ་ཡོངས་སུ་ནགས་ཚལ་ཁྱབ་ཚད་76.6%ཟིན་པ་དང་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་100%ཟིན་ཡོད་པ་རེད།  

     དམངས་འཚོ་ལེགས་སུ་གཏོང་བའི་ལས་དོན་ཁྲོད་བདེ་ཆེན་ཁུལ་གྱིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་པས་ཁུལ་ཡོངས་སུ་ལོ་14ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་བ་དང་།    སྨན་བཅོས་དང་།    ལས་ཞུགས།   རིག་གནས་སོགས་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།   

 

    བདེ་ཆེན་ཁུལ་གྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ།  ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་ཀྱི་ལས་ཀའི་གཙོ་རྐང་བརྟན་པོ་འཛུགས་པ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས།  མཐའ་མཚམས་བརྟན་དུ་གཏོང་བ་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ནས། ཡུན་ནན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན་གྱི་དཔེ་བཟང་ཧུར་ཐག་ངང་བརྩོན་ལེན་བྱས་ཡོད།