བདེ་ཆེན་ཁུལ་གྱིས་སྣོད་བཅུད་ཁོར་ཡུག་གནད་དོན་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་།(གཅིག)

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2021ལོའི་ཟླ་4པའི་ཚེས་8ཉིན་ཡུན་ནན་ཞིང་ཆེན་གྱིས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་བསུ་བ་བྱས་ནས་ལྟ་སྐུལ་བྱེད་ཞོར་དུ་བཅོས་སྒྲིག་བྱ་རྒྱུའི་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བརྒྱད་པའི་(་གཤམ་དུ་ལྟ་བཤེར་ཚོགས་ཆུང་ཞེས་བསྡུ་རྒྱུ) བདེ་ཆེན་ཁུལ་གྱི་མང་ཚོགས་ཀྱིས་སྣོད་བཅུད་དང་འབྲེལ་བ་ཡོད་པའི་གནད་དོན་1(ཁ་པར་འབྱོར་བའི་གནད་དོན་གཅིག)རྩིས་སྤྲད་པ་རེད། བདེ་ཆེན་ཁུལ་གྱིས་ལྟ་སྐུལ་བྱེད་བཞིན་དུ་བཅོས་སྒྲིག་བྱེད་པ་དང་འཕྲལ་དུ་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་ལྟར་ཐེར་འདོན་གྱི་ཁོར་ཡུག་གནད་དོན་འཕྲལ་དུ་ཐག་གཅོད་བྱས་ཤིང་།ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ།

དང་པོ།བདག་སྤྲོད་ཨང་གྲངས་།ཡུན་ནན་ཁོར་ཡུག་ལྟ་བཤེར།〔2021〕ཨང10པ(བདེ་ཆེན་ཁོར་ཡུག་ལྟ་བཤེར།〔2021〕ཨང་དང་པོ།) D2YN202104070001

(གཅིག) གོང་ཞུ་བྱས་པའི་གནད་དོན་དང་པོ། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཁྲེ་ཁུའུ་གྲོང་ཚོའི་པ་ཅ་ཧྲེ་ག་གེ་མོས་2010ལོ་ནས་2020ལོའི་ཟླ་12པའི་བར་རྡོ་བཏོན་ནས་རྡོ་བཙོངས་པས་མཐའ་འཁོར་གྱི་ནགས་ཚལ་སྔོ་ཁེབས་སྤྱི་ཆིང་1དང་དེ་བཞིན་རིང་ཚད་སྨི་20ནས་30བར་གྱི་བྲག་ཕུག་ཅིག་ལ་གཏོར་སྐྱོན་ཕོག་ཡོད།  

ལས་སྒྲུབ་གནས་ཚུལ། ཞིབ་བསྡུར་བྱས་པ་བརྒྱུད་དོན་དངོས་ཀྱི་གནས་ཚུལ་ནི། ཁྲེ་ཀྲོའུ་གྲོང་ཚོའི་ཀ་ཙི་ལེ་བྱེ་རྡོའི་བཟོ་གྲྭ་གསུམ་པོས་2009ལོའི་ཟླ་11པའི་ཚེས་20ཉིན་ཁེར་རྐྱང་གཉེར་སྐྱོང་རྣམ་པའི་ཐོག་ནས་འབྲེལ་ཡོད་སྡེ་ཚན་(པར་ངོས་གཉིས་པར་གཟིགས།)

ལ་བཟོ་གྲྭ་འཛུགས་རྒྱུའི་རེ་ཞུ་བྱས་པ་དང་། 2010ལོའི་ཟླ་4པའི་ཚེས་11ཉིན་ནགས་ས་གནས་སྐབས་བེད་སྤྱོད་གཏོང་བའི་འབྲེལ་ཡོད་འགྲོ་ལུགས་གཉེར་བ་དང་འབྲེལ་གཉེར་སྐྱོང་ཡང་བྱས་པ་རེད། བྱེ་རྡོ་བཟོ་གྲྭ་དེ་གྲོང་ཚོ་དེའི་ཅི་ཐུང་ལེ་ཚོགས་ཆུང་གཉིས་པའི་མཉམ་སྡེབ་ནགས་ཚལ་ནང་གནས་པ་དང་གནས་སྐབས་བེད་སྤྱོད་བྱས་པའི་ནགས་སའི་རྒྱ་ཁྱོན་སྤྱི་ཆིང་0.03ཟིན་གྱི་ཡོད། བྱེ་རྡོ་བཟོ་གྲྭས་ནགས་ས་གནས་སྐབས་བེད་སྤྱོད་བཏང་བའི་དུས་ཚད་2014ལོའི་ཟླ་5ཚེས་17ཉིན་ཡིན་པ་རེད། གནས་སྐབས་ནགས་ས་བེད་སྤྱོད་བྱེད་ཡུན་ཐོན་རྗེས་ཁེ་ལས་ཀྱི་སྦྱིན་བདག་ཞེ་ལགས་ཀྱི་གཞོགས་འདེགས་འོག་སྒྲིག་ཆས་བཤིག་ཟིན་པ་མ་ཟད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་དབང་ནགས་རའི་ཅིང་ཅང་ཡན་ལག་ནགས་རའི་ལག་རྩལ་པའི་ལྟ་སྐུལ་མཛུབ་ཁྲིད་འོག་སྔོ་ཁེབས་སླར་གསོ་ཐུབ་པ་བྱུང་ཡོད། བྱེ་རྡོ་བཟོ་གྲྭའི་ཉེ་འགྲམ་དུ་རང་བྱུང་བྲག་ཕུག་ཡོད་པ་དང་ཡུལ་དངོས་སུ་ཞིབ་དཔྱད་བྱས་པ་བརྒྱུད་གཏོར་བཤིག་ཕོག་མེད་པ་རེད། གནད་དོན་གྱི་ཁུངས་སྣེ་དེ་ནི་འཕྲལ་མར་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱེད་པའི་རིགས་སུ་གཏོགས་པས་ད་ལྟ་ཐག་གཅོད་བྱས་ཟིན་པ་རེད།

(གཉིས)གོང་ཞུ་བྱས་པའི་གནད་དོན་གཉིས་པ། དེ་སྔ་བདག་ཏུ་མ་བཟུང་བའི་སྲོག་ཆགས་(སྤྲེའུ)་ཐེངས་མང་ཁྱིམ་དུ་ཡོང་ནས་ཞུ་གཏུག་རྒྱག་མཁན་གྱིས་110ལ་ཁ་པར་བརྒྱབ་རྗེས་སྤྲེའུ་སྤྱི་བདེ་སྡེ་ཚན་ལ་སྤྲད་པ། ཞུ་གཏུག་བྱེད་མཁན་གྱིས་མིག་སྔར་སྤྲེའུ་མང་ཆེ་བ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་སྲུང་སྐྱོབ་ཁང་དུ་ཡོད་པ་འདྲ། སྤྲེའུ་ཡི་ད་ལྟའི་གནས་ཚུལ་ཤེས་འདོད་པས་འཕྲལ་མར་ལན་སློག་རྒྱུའི་རེ་བ་བཅངས་བ། 

གཉེར་སྒྲུབ་བྱས་ཚུལ། ཞིབ་དཔྱད་བྱས་པ་བརྒྱུད་2021ལོའི་ཟླ་3པའི་ཚེས་4ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རྒྱལ་དབང་ནགས་ར་ཅིན་ཅང་ཡན་ལག་ནགས་རའི་ལས་དོན་མི་སྣར་ཅིན་ཅང་གྲོང་རྡལ་ཁྲེ་ཀྲོའུ་གྲོང་ཚོའི་ཀ་ཙི་ལི་ཚོགས་ཆུང་3པའི་གྲོང་མི་ལི་ག་གེ་མོས་ཁ་པར་འབྱོར་ནས་ལག་པ་གཡོན་མ་ཆད་པའི་སྤྲེའུ་ཞིག་ཁྱིམ་དུ་འཛུལ་བས་ཐག་གཅོད་བྱ་རྒྱུའི་རེ་བ་བཏོན་པ་རེད། ཁ་པར་འབྱོར་རྗེས་ལས་དོན་མི་སྣས་དུས་ཐོག་ཏུ་ལི་ག་གེ་མོའི་ཁྱིམ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད། 

རྨས་སྐྱོན་ཕོག་པའི་སྤྲེའུ་འདི་ནི་སྤྲེའུ་འདི་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་སུ་གཏོགས། ཅིན་ཅང་ཡན་ལག་ནགས་རའི་ལས་དོན་མི་སྣས་སྤྲེའུ་དང་ལེན་བྱས་པ་དང་འབྲེལ་2021ལོའི་ཟླ་3པའི་ཚེས་7ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རོགས་སྐྱོབ་ས་ཚིགས་སུ་བསྐྱལ་བ་རེད། སྤྲེའུ་དེའི་གཟུགས་པོར་རྨས་སྐྱོན་ཕོག་པའི་རྐྱེན་གྱིས་མིག་སྔར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རོགས་སྐྱོབ་ས་ཚིགས་ཀྱིས་དོ་དམ་བྱེད་ཀྱི་ཡོད། གནད་དོན་འདིའི་ཁུངས་སྣེ་ནི་འཕྲལ་མར་བྱ་སྤྱོད་སྤེལ་ནས་བཅོས་སྒྲིག་བྱས་པའི་རིགས་སུ་གཏོགས་པས་ད་ལྟ་ཐག་གཅོད་བྱས་ཚར་བ་རེད།

2021ལོའི་ཟླ4པའི་ཚེས8ཉིན་བར་དུ།ལྟ་བཤེར་ཚོགས་ཆུང་གིས་བདེ་ཆེན་ཁུལ་གྱི་མང་ཚོགས་ཀྱིས་ཐེར་འདོན་ཞུ་གཏུག་བརྒྱབ་པའི་སྣོད་བཅུད་ཁོར་ཡུག་གནད་དོན་དང་འབྲེལ་བའི་གནད་དོན་ཁྱོན་1(ཁ་པར་ཐོན་པ)བསྒྲུབ་རྒྱུར་སྤྲད་པ་རེད། བདེ་ཆེན་ཁུལ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་དུས་ཐོག་ཏུ་ལྟ་བཤེར་ཚོགས་ཆུང་གིས་བསྒྲུབ་རྒྱུར་སྤྲད་པའི་ཡིག་ཆ་དེ་འབྲེལ་ཡོད་རྫོང་(གྲོང་ཁྱེར)་དང་དེ་བཞིན་སྡེ་ཚན་ལ་བསྒྲུབ་རྒྱུར་བརྒྱུད་སྤྲོད་བྱས་པ་དང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བརྒྱད་པས་བསྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་གནད་དོན་ཐེར་འདོན་དང་ཞུ་གཏུག་བྱས་པའི་གནད་དོན་བདག་སྤྲོད་དང་སྒྲུབ་གཉེར། བཅོས་སྒྲིག་བྱས་ཚུལ་དུས་ཐོག་ཏུ་ཡོངས་བསྒྲགས་བྱས་པས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་དྲ་ཚིགས། http://www.diqing.gov.cn/xxgk/list/?id=-9021575408709693235&flname=%E7%8E%AF%E5%A2%83%E4%BF%9D%E6%8A%A4སུ་ཐོ་འགོད་བྱས་ནས་ལྟ་ཆོག་པ་རེད། 

བཀོད་སྒྲིག་གཞིར་བཟུང་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བརྒྱད་པས་ཡུན་ནན་དུ་བཅའ་སྡོད་བྱེད་པའི་དུས་ཚོད་ནི་ཟླ་1ཡིན་པ་དང་། བཅའ་སྡོད་བྱེད་རིང་(2021ལོའི་ཟླ་4པའི་ཚེས་6ཉིན་ནས་ཟླ་5པའི་ཚེས་6ཉིན་བར་)ཆེད་མངགས་ལས་རེས་ཁ་པར་བཙུགས་པ། ཁ་པར་ནི་0871—68599800ཡིན། ཆེད་མངགས་སྦྲག་སྲིད་ཡིག་སྒམ་ནི་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་གྱི་སྦྲག་སྲིད་ཡིག་སྒམ A005ཡིན།ལྟ་བཤེར་ཚོགས་ཆུང་གིས་ཐེར་འདོན་ཁ་པར་བདག་སྤྲོད་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་8:00—20:00བར་ཡིན།