རང་ཁུལ་གྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གི་འགོ་ཁྲིད་དང་གྲོས་མོལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ4པའི་ཚེས12ཉིན། བདེ་ཆེན་ཁུལ་གྱི་འགོ་ཁྲིད་ཀྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གི་འགོ་ཁྲིད་དང་གྲོས་མོལ་གནང་བ་རེད།

        ཝང་དབྱི་ཀྲིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གིས་དུས་ཡུན་རིང་པོར་བདེ་ཆེན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས། ཝང་དབྱི་ཀྲིས་བདེ་ཆེན་ཁུལ་གྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུའི་བོད་འབྲེལ་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་བརླིང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ཡག་པོ་བྱས་ནས།དུས་རབས་གསར་བའི་བདེ་ཆེན་གསར་བ་ནུས་ཤུཊ་ཡོད་རྒུས་བསྐྲུན་རྒྱུ་ཞེས་བསྟན།

        རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི།ཧང་ཀྲང་ཕིང་ཀྲའོ་ཝུན་གྱིས་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ཡུན་ནན་ཡན་ལག་དངུལ་ཁང་གིས་དུས་རབས་གསར་པ་དང་བདེ་ཆེན་གསར་པ་འཛུགས་སྐྲུན་ལ་སྤུས་ཚད་དེ་བས་མཐོ་བ་དང་ལས་ཕྱོད་དེ་བས་ཆེ་བའི་དངུལ་རྩའི་ཞབས་ཞུ་བྱས་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཞེས་བཤད།