སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ན་མ་འོངས་པའི་ནོར་བུ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་ས་མཐོའི་སྣོད་བཅུད་ཀྱི་མཐའ་ཚད་བརྟན་པོ་སྲུང་ནས།དགུང་སྔོན་པོ་དང་།ཆུ་དྭངས་མོ།ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་ཆེན་པོ་གསུམ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱས། ཆུ་དཔོན་ལམ་ལུགས་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ནས་ཁུལ་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཚང་མར་ནུས་ལྡན་ངང་དོ་དམ་སྲུང་སྐྱོང་བྱས་པ།དྲོད་རླངས་མཁོ་འདོན་འདུ་འགོད་དང་། ཤིང་འཛུགས་ནགས་བཟོ།བྱེ་འགྱུར་བཅོས་སྐྱོང་།རྨོ་བསྐྱུར་ནགས་གསོ་སོགས་སྲུང་སྐྱོང་ལ་སྐུལ་འདེད་དང་། དམངས་འཚོ་ལེགས་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྣོད་བཅུད་དམངས་ཕན་རྣམ་གྲངས་ཁག་གཅིག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་བྱེད་དགོས་ལ་གསེར་རི་དངུལ་རི་ཡང་རག་ཐུབ་པ་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན་བརྩོན་ལེན་བྱས་པ་རེད།

སྣོད་བཅུད་བཅོས་སྐྱོང་དམ་འཛིན་བྱས་ཏེ་སྲུང་སྐྱོབ་དམག་འཐབ་ཆེན་པོ་གསུམ་རྒྱབ་པ།

    2020ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་དགུང་སྔོན་པོ་དང་།ཆུ་དྭངས་མོ།ས་གཙང་མ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་མུ་མཐུད་ཡག་པོ་བརྒྱབ་ནས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་དེ་བཞིན“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།རང་ཁུལ་གྱིས2016ལོའི་རེས་སྐོར་དང་པོའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་དག་ཐེར་ལས་འགན་ཁྱོན་23ཡོད་པ་དང་2020ལོའི་ཟླ་12པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་དག་ཐེར་ལས་འགན་23ཚང་མ་ལེགས་གྲུབ་ཟིན་ཡོད།


 སྣོད་བཅུད་སྲུང་སྐྱོང་ལ་དམ་འཛིན་བྱས་ནས་གཙང་པོ་དང་མཚོ་མོ་སྲུང་སྐྱོང་བྱས་པ།

     ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་བསམ་འཆར་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཆུ་དཔོན་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་ཆུ་བོ་དོ་དམ་ཁྱབ་ཁོངས་ནང་གི་གང་བྱུང་དུ་བཟུང་བ་དང་།གང་བྱུང་དུ་སྔོག་པ།གང་བྱུང་དུ་སྤུངས་པ།གང་བྱུང་དུ་སྐྲུན་པ་བཅས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྱོན་ཡོངས་ནས་གཙང་བཤེར་དང་བཅོས་སྒྲིག་བྱས་ཡོད།དུས་མཚུངས་སུ་མིག་སྔ་དང་ཡུན་རིང་གཅིག་གྱུར་གྱིས་འཆར་འགོད་དང་། ཆུ་བོ་དང་མཚོ་མོའི་མཚོ་རྒྱུད་ཀྱི་བར་སྟོང་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། མཚོ་རྒྱུད་ཀྱི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱིས་བེད་སྤྱོད་ཐུབ་པ་བཅས་བྱས་ཏེ་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་རྒྱུན་མཐུད་ངང་འཕེལ་རྒྱས་ལེགས་པོ་ཡོང་བ་དང་།ཆུའི་སྦགས་བཙོག་གི་དོན་རྐྱེན་མི་ཡོང་བའི་སྔོན་འགོག་མཐའ་གཅིག་ཏུ་བྱས་པ།

    ཁུལ་དང་། རྫོང་། གྲོང་ཁྱེར། ཤང་།གྲོང་ཚོ་བཅས“རིམ་བཞིའི་ཆུ་དཔོན”གྱིས་རང་འགན་རང་འཁུར་དང་རང་འགན་གཙང་སྒྲུབ་བྱས་ཏེ་སྐོར་ཞིབ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་།གཙང་པོ་དང་མཚེའུ་ཡི་རྒྱུན་གཏན་སྐོར་ཞིབ་ལྟ་སྐུལ་དོ་དམ་ལམ་ལུགས་བཙུགས་ནས་ཆུ་ལམ་དང་མཚེའུ་ཡི་ས་དོང་དོ་དམ་ཡག་པོ་དང་།སྲུང་སྐྱོང་ཡག་པོ།འཛུགས་སྐྲུན་ཡག་པོ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་བསམ་བློ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་སྲིད་ཀྱིས་སྣེ་ཁྲིད་དང་སྡེ་ཚན་གྱིས་མཐུན་སྦྱོར་ངང་རིམ་པ་རེ་རེ་བཞིན་དམ་འཛིན་དང་རིམ་པ་རེ་རེ་བཞིན་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་“ཕྱིར་མིག་ལྟ་བ་”དང་ཆེད་དོན་ལྟ་ཞིབ་ཀྱི་ལྡོག་འདྲེན་བསམ་འཆར་གྱི་གནད་དོན་དག་ཐེར་ཡོ་བསྲང་དང་།གནད་དོན་བསྒྲུབ་རྒྱུར་སྤྲོད་པ་དང་།དག་ཐེར་ཡོ་བསྲང་དང་དོན་འཁྱོལ་བྱེད་པར་ཤུགས་སྣོན་རྒྱབ་ནས།གནད་དོན་དག་ཐེར་ཡོ་བསྲང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་བ་རེད།

སྣོད་བཅུད་འཛུགས་སྐྱོང་དམ་འཛིན་བྱས་ཏེ་སྣོད་བཅུད་དམངས་ཕན་རྣམ་གྲངས་ལ་སྐུལ་འདེད་བཏང་བ།

    2016ལོ་ནས་བཟུང་རང་ཁུལ་གྱིས་དྲོད་རླངས་མཁོ་འདོན་རྣམ་གྲངས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད། མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་འཛིན་ནས།སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་།གྲོང་གསེབ་ཀྱི་རི་བོ་དང་།ཆུ།ནགས་ལས།ཞིང་ལས།ལམ་བཅས་ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ།གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ།གྲོང་གསེབ་ཀྱི་ཁོར་ཡུག་གཅིག་སྡུད་ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ།“ལམ་བུ་སྒྱུར་བ་དང་།སྡོད་ཁང་སྒྱུར་བཀོད།གསང་སྤྱོད་སྒྱུར་བཀོད།ཐབ་ཚང་སྒྱུར་བཀོད་བྱེད་པ”བཅས་ལག་བསྟར་བྱས་པ།མིག་སྔར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཁུལ་རིམ་པའི་སྣོད་བཅུད་ཤེས་དཔལ་གྲོང་ཚོ་123དང་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་གྱི་ཤང་གྲོང་16བཏོད་ཡོད་པ་རེད།


    རི་སྔོ་ཆུ་དྭངས་བརྟན་སྲུང་བྱས་ན་གསེར་རི་དངུལ་རི་དམ་པོར་འཛིན་ཐུབ།རང་ཁུལ་གྱིས་སྣོད་བཅུད་དམར་ཐིག་གཏན་འཁེལ་བྱས་ནས་བར་མཐོངས་གསར་སྤེལ་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་ས་ཆ་བེད་སྤྱོད་ཀྱི་ལས་ཕྱོད་དང་འབྲེལ་བའི་ལས་དོན་ལ་སྐུལ་འདེད་བཏང་བ།རང་བྱུང་ནགས་ཚལ་སྲུང་སྐྱོང་དང་རྨོ་བསྐྱུར་ནགས་གསོ་སོགས་གཙོ་གནད་སྣོད་བཅུད་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་གཞུང་ཁོངས་ནགས་ཚལ་དང་མཉམ་སྡེབ་སྤྱི་ཕན་ནགས་ཚལ་ལ་ལོ་འཁོར་རེར་བདག་སྐྱོང་ནུས་ལྡན་བྱས་པ།འབྲེལ་ཡོད་བསམ་འཆར་དང་བྱ་ཐབས་བཏོན་ནས་འགན་འཁྲི་དོན་འཁྱོལ་དང་མི་སྣ་དོན་འཁྱོལ་བྱས་པ་དང་རི་སྐོར་ནགས་སྲུང་བྱས་ཏེ་ནགས་ཚལ་(་རྩྭ་ཐང་)་གྱི་མེ་ཟོན་ལས་དོན་ཏན་ཏིག་སྤེལ་བ་རེད།