སྐེགས་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-14   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སྐེགས་དཀར་གྱི་ལུས་པོའི་རིང་ཚད་ལ་ལི་སྨི23ཙམ་ཡོད་ཅིང་།   མགོ་དང་སྐེ་རྒྱབ།   ལུས་རྒྱབ་བཅས་ནི་ཁམ་མདོག་ཡིན།  ལུས་ལ་རྫ་མདོག་དཀར་པོའི་ཐིག་ལེ་མངོན་ཞིང་རྔ་མའི་མཇུག་དང་གཤོག་སྒྲོ་དཀར་པོའི་མདོག་མངོན་ཡོད།   མཇུག་སྒྲོའི་སྣེ་མོའི་བར་དཀྱིལ་དུ་ཁ་དོག་ནག་སྐྱ་ཡང་མངོན་ཡོད།     ལུས་པོའི་ཁོག་སྨད་དང་བྲང་གཞུང་།   གྲེ་བ་དང་མཆན་བཅས་སུ་ཞིབ་ཅིང་ཕྲ་བའི་ཁ་དོག་སྨུག་པོའི་གཞུང་རིས་མངོན་ཡོད།

     སྐེགས་དཀར་ནི་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་དང་ཨ་ཧྥེ་རི་ཁ་གཉིས་སུ་ཁྱབ་ཡོད་པ་དང་།ཨེ་ཤེ་ཡ་ཤར་མའི་ཁྱུ་ཚོགས་དེ་ཤིས་པོ་ལི་ཡར་སྐྱེ་འཕེལ་བྱས་ཡོད།  དགུན་དུས་སུ་འཇར་པན་དང་།  ཀྲུང་གོའི་ལྷོ་ཕྱོགས།  དབུས་ལྷོའི་ཕྱེད་གླིང་། དེ་བཞིན་ནན་དབྱང་གླིང་ཚོམ་བཅས་སུ་དགུན་སྒྲོལ་ཐུབ་ཀྱི་ཡོད།   སྐེགས་དཀར་ནི་ཡུན་ནན་གྱི་ས་ཆ་མང་ཆེ་བར་མངའ་ཁོངས་བརྒྱུད་པའི་འདབ་ཆགས་ཀྱི་རིགས་ཤིག་ཡིན་པ་དང་།  ཡུན་ནན་གྱི་ལྷོ་རྒྱུད་དུ་དགུན་གྱི་དུས་བསྟུན་གནས་སྤོའི་བྱ་རིགས་ཤིག་ཡིན།  ཁེར་རྐྱང་དུ་འགུལ་སྐྱོད་བྱེད་པར་གོམས་ལ་འཕུར་སྐྱོད་བྱེད་སྐབས་རྟག་པར་རྣོ་ཞིང་གསལ་བའི་སྐད་འབྱིན་པར་བྱེད།   རྩྭ་ཆུ་འཛོམས་པའི་འགྲམ་དུ་ཁེར་རྐྱང་དུ་འགུལ་སྐྱོད་བྱེད་པར་དགའ།    རྣམ་རིག་གསལ་ཞིང་འཕུར་བསྐྱོད་བྱེད་པའི་དུས་སུ་རྔ་འདབས་གོང་འོག་ཏུ་བསྡེབས་ནས་འཕུར་ལ་ཉེན་ཁར་འཕྲད་དུས་མྱུར་བར་འཕུར་ཤེས།   བྱ་རིགས་འདིའི་ཁ་ཟས་རིགས་ནི་གཙོ་བོ་འབུ་སྲིན་དང་།ས་འབུ་ནག་རིང་།  ཉ་དུང་།  ཤ་སྨི་སོགས་ཡིན།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་སྐེགས་དཀར་ནི་མཐོང་དཀོན་པའི་བྱ་རིགས་ཤིག་ཡིན།