བདེ་ཆེན་གྱི་བོད་ཀྱི་ཡིག་གཟུཊ་བརྩམས་ཆོས་ཧྲང་ཧའེ་རུ་འགྲེམ་སྟོན་བྱས

རྩོམ་པ་པོ།   རྣམ་འཇོམས།  ཡིག་བསྒྱུར།       དུས་ཚོད།   2021-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ4པའི་ཚེས10ཉིན། 3650Mཞེས་པའི་བོད་ཀྱི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་ཧྲང་ཧའེ་ནས་བསྡུས་ཤིང་། བདེ་ཆེན་ཁུལ་གྱི་གཞོན་སྐྱེས་བྲིས་པ་རྣམ་འཇོམས་ཚེ་རིང་གི་བརྩམས་ཆོས་10དེར་ཞུགས་ཡོད།

ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་ཡིག་མཁན་ཆེན་མོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་འབྲི་བཞེངས་བྱེད་པའི་རྣམ་པ།

     ཐེངས་འདིའི་འགྲེམ་སྟོན་ཁྲོད་བོད་ཀྱི་ཡིག་གཟུགས་ཀྱི་སྐོར་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་ཡིག་མཁན་བ་ཆེན་མོ་སངས་རྒྱས་བཀྲ་ཤིས་བཅས་ཚོགས་མི་བཅུ་གསུམ་གྱི་བརྩམས་ཆོས་བཅས་ཁྱོན་བསྡོམས་བརྩམས་ཆོས་60ལྷག་འགྲེམ་སྟོན་དུ་ཞུགས་ཡོད་ལ།ཡིག་མཁན་འདི་དག་གི་མཛུབ་རྩེ་ནས་འཁྲུངས་པའི་བརྩམས་ཆོས་འདི་དག་ལ་ཡུལ་དངོས་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་པ་རེད། འགྲེམ་སྟོན་ནི་བོད་ཀྱི་ཡིག་གཟུགས་དང་དེང་རབས་སྒྱུ་རྩལ། ཇུས་འགོད་དང་VR360° རོལ་མྱོང་བཅས་ཁག་བཞི་ཡིས་གྲུབ་ཡོད། 

    རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་འགྲེམ་སྟོན་ནི་ཟླ4པའི་ཚེས10ཉིན་ནས་ཟླ5པའི་ཚེས3ཉིན་ནས་ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཐུའོ་ཆུས་མོ་ཀན་ཧྲན་ལམ་སྒོ་རྟགས་72ཀྱི་ཉིས་ཐོག་ནས་འགྲེམ་སྟོན་བྱ་རྒྱུ་ཡིན་པས།རྒྱ་ཆེའི་ཡིག་གཟུགས་དགའ་མཁན་གྱི་ལྟད་མོ་བ་རྣམས་གནས་འདིར་ཕེབས་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་གཟིགས་ཆོག་པ་རེད།

རྣམ་འཇོམས་ཚེ་རིང་གི་བརྩམས་ཆོས་རོལ་མྱོང་།


གསར་རྩོམ་གྱི་ལས་ལ་བྲེལ་བའི་གཞོན་སྐྱེས་བྲིས་པ་རྣམ་འཇོམས་ཚེ་རིང་གི་ཉེ་པར།

   རྣམ་འཇོམས་ཚེ་རིང་།  བདེ་ཆེན་ཁུལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་འབའ་བྲོས་གྲོང་ཚོའི་མི་ཡིན།   ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན།   ད་ལྟ་བདེ་ཆེན་ཉིན་རེའི་ཚགས་པར་ཁང་དུ་བོད་ཡིག་རྩོམ་སྒྲིག་གི་ལས་ཀར་གཞོལ་གྱི་ཡོད།