ཆུ་སྐྱར་སྐྱ་བོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཆུ་སྐྱར་སྐྱ་བོ་ནི་བྱ་གག་རིགས་ཀྱི་ཆུ་སྐྱར་ཁོངས་སུ་གཏོགས་ཤིང་།   ལུས་པོའི་རིང་ཚད་ལ་ལི་སྨི་96ཡོད་པ་དང་།ཡར་ལངས་པའི་གཟུགས་པོའི་མཐོ་ཚད་ལ་ལི་སྨི་120ཡོད།   མིག་གི་གཉེར་མ་དང་འཕུར་གཤོག་ཀྱི་སྤུ་མདོག་ནག་པོ་ཡིན་ལ།   མགོ་དང་།  སྐེ་དང་། བྲང་དང་།   རྒྱབ་བཅས་ནི་དཀར་པོ་ཡིན།   སྐེ་གཞུང་དུ་རི་མོ་ནག་པོ་དང་།   དེའི་ལྷག་མ་རྣམས་ལ་ཐལ་མདོག་མངོན།   ལུས་པོ་ཕྲ་ཞིང་རིད་པ་དང་གཟུགས་པོ་མཛེས་སྡུག་དང་ལྡན་པ་ཞིག་ཡིན།  


     ཆུ་སྐྱར་སྐྱ་བོ་ནི་ཀྲུང་གོའི་ཤར་ཕྱོགས་དང་ལྷོ་ཕྱོགས་སུ་རྒྱུན་དུ་མཐོང་རྒྱུ་ཡོད་པའི་འདབ་ཆགས་ཤིག་ཡིན་ཞིང་།དུས་རྒྱུན་དུ་ཁེར་རྐྱང་དུ་ཟན་འཚོལ་བ་དང་།  ཤིང་སྡོང་ཆེན་པོའི་སྟེང་དུ་ཚང་བཅའ་བ་ཡིན།   མཚེའུ་དང་། ཆུ་བོ།  རྫིང་བུ་བཅས་ཀྱི་གཏིང་ཐུང་དང་འདམ་རར་འགྲོ་འོང་བྱེད་པར་དགའ།   ཉ་དང་།  ཞ་སྨིའི་རིགས།   འབུ་སྲིན།    སྦལ་བ་སོགས་སྲོག་ཆགས་ཆུང་ཆུང་བཅས་ཁ་ཟས་སུ་བསྟེན།   ཁ་ཟས་འཚོལ་དུས་ཡུན་རིང་ལ་ལངས་ནས་མི་འགུལ་བར་སྡོད་ཅིང་།   དམིགས་ཡུལ་དེ་ཐག་ཉེ་སར་བཅར་དུས་མགྱོགས་མྱུར་གྱིས་བཟུང་ནས་རྒོལ་བར་བྱེད།   འཕུར་སྐྱོད་བྱེད་སྐབས་གཤོག་པ་དལ་ཞིང་རྐང་པ་གཉིས་རྒྱབ་ཕྱོགས་སུ་བརྐྱངས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་འཕུར་སྐྱོད་བྱེད་ཀྱི་ཡོད།  མཚན་མོའི་དུས་ལ་ཤིང་སྡོང་མཐོན་པོ་རྩེ་ནས་ངལ་གསོ་ཞིང་སྐད་མི་སྒྲོག   སེམས་ཀྱི་ཉི་ཟླའི་ཁུལ་དུ་ཆུ་སྐྱར་སྐྱ་བོ་ནི་རྒྱུན་མཐོང་གི་འདབ་ཆགས་ཤིག་ཡིན།