ཞིང་སྐྱེགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཞིང་སྐྱེགས་ཀྱི་ལུས་པོའི་རིང་ཚད་ལི་སྨི་27ཙམ་ཡོད་ལ།  ཕོ་བྱ་དང་མོ་བྱའི་གཟུགས་དབྱིབས་འདྲ་བ།  མཆུ་རིང་།  སྒྲོ་མདོག་གཙོ་བོ་ཁམ་སེར་ཡིན། མིག་གོང་འོག་གི་ཐིག་རིས་དང་ཤིང་མིག་རིས་ཀྱི་མདོག་ཅུང་ནག་པ།  ཁོག་སྟོད་སྨུག་སྐྱ་ཡིན་ལ། ཕྲ་རིས་དང་ཁྲ་ཐིག་དཀར་ནག་ལྡན།  ཁོག་སྨད་སེར་སྐྱ་ཡིན་ལ་གཞུང་རིས་ཁམ་སྨུག་ཡོད།  གཤོག་པ་གཉིས་ཕྲ་ཞིང་རྣོ་བ།

        ཞིང་སྐྱེགས་ནི་གོ་ལའི་བྱང་ཕྱེད་མར་ཁྱབ་ཡོད་པ་དང་།  སྟོན་དུས་ཀྲུང་གོ་དང་རི་པིན། ཁྲའོ་ཞན་ཕྱེད་གླིང་།  དབུས་ལྷོ་ཕྱེད་གླིང་སོགས་སུ་དགུན་བསྐྱལ་བར་ཚང་གནས་སྤོ་བ།  མང་ཆེ་བས་མཚན་མོ་དང་སྐྱ་རེངས་དང་དེ་བཞིན་ས་སྲོས་ཀྱི་སྐབས་སུ་བྱ་འགུལ་བྱེད་པ།  ཉིན་མོར་རྩི་ཤིང་གི་ཚོམ་བུའི་ཁྲོད་སྦས་བ་མང་།  འགལ་རྐྱེན་ཆུང་ཞིང་གབ་ཡིས་ཀྱི་ས་གནས་སུ་ཉིན་མོར་བྱ་འགུལ་བྱེད་པ་ཡང་ཡོད།  འགལ་རྐྱེན་ཡོད་དུས་རྒྱུན་དུ་ས་གནས་དེ་གར་ཙོག་པུར་བསྡད་ནས་མི་འགུལ་བའམ་ཡང་ན་མགྱོགས་མྱུར་ངང་བྲོས་ནས་རྩྭ་གསེབ་ཏུ་གབ་སྟེ། མགོ་དང་སྐེ་དམ་དུ་གཏོང་བ་དང་མཆུ་རིང་བྲང་ཁར་དམ་པོར་སྦྱར་ནས་ཉེན་ཁ་སླེབས་ཉེར་ཡོད་པའི་སྐབས་སུ་གློ་བུར་དུ་ཕྱིར་མཆོངས་ཏེ་འཕུར་བྲོས་བྱས།  ལྟོ་འཚོལ་དུས་ཞིང་སྐྱེགས་ཀྱིས་མཆུ་རིང་གིས་འདམ་བག་ནང་གི་ལུས་མཉེན་སྲོག་ཆགས་དང་འབུ་སྲིན་སོགས་བཟུང་བ་རེད།

        ཞིང་སྐྱེགས་ནི སེམས་ཀྱི་ཉི་ཟླ་ས་ཁུལ་དུ་རྒྱུན་མཐོང་གི་དགུན་ཁའི་དུས་བྱ་ཞིག་ཡིན།