སྐྱེགས་བྱ་མཆུ་རིང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྐྱེགས་བྱ་མཆུ་རིང་ནི་གཟུགས་ཀྱི་རིང་ཚད་ལ་ལི་སྨི་40ཡོད་ལ། མཆུ་རིང་ཞིང་མར་གུག་ཡོད་ལ་མདོག་དམར་པོ་ཡིན་པ་རེད། སྐེ་ན་ནག་ཐིག་གིས་སྐྱ་མདོག་གི་མགྲིན་པ་དང་དུང་དཀར་གྱི་བྲང་གཞོང་གཉིས་འཕྲེད་ཀྱིས་བཅད་ཡོད། གཤོག་པའི་འོག་དཀར་པོ་ཡིན་ལ། གཤོག་པའི་སྟེང་ན་དཀར་པོའི་ཁྲ་ཐིག་མང་བོ་ཡོད་པ་རེད། 

        སྐྱེགས་བྱ་མཆུ་རིང་ནི་ས་མཐོའི་རི་ཁུལ་དང་། རི་མ་ཐང་གི་ཆུ་ཕྲན་དང་བྲག་རྡོ་མང་བའི་གཙང་པོའི་འགྲམ་དུ་འཚོ་སྡོད་བྱེད་ལ།ཁྱབ་པའི་ས་བབ་མཐོ་ཚད་ནི་ཤར་རྒྱུད་ཀྱི་མཚོ་ངོས་ནས་ནུབ་རྒྱུད་ཀྱི་མཐོ་ཚད་སྨི་4500ཡས་མས་ཀྱི་རི་མཐོའི་ས་ཁུལ་དུ་སླེབས་ཡོད།

        དགུན་ཁ་ས་བབ་དམའ་བའི་རི་ཁུལ་དུ་འཕུར་ན་འཚོ་ལ། རྒྱུན་དུ་ཁེར་རྐྱང་ངམ་ཡང་ན་3ནས་5བར་གྱི་ཁྱུ་བྱས་ནས་གཙང་ཆུའི་ངོགས་གཉིས་ཀྱི་རྡེའུ་ཐང་དང་བྱེ་ཐང་དུ་འགུལ་སྐྱོད་དང་གཟན་འཚོལ་ནས་འདུག་པ་རེད། སྐབས་འགར་ཆུ་དང་གསུས་པའི་གཏིང་ཟབ་པའི་ཆུ་ལ་བརྒལ་ནས་མགོ་བོ་དང་སྐེ་ཚང་མ་ཆུ་ནང་དུ་བརྐྱངས་ནས་གཟན་འཚོལ་ཞིང་། འཐར་ཁོར་ནས་གྲགས་འགུལ་བྱུང་ཚེ་འགུལ་ཡང་ནི་འགུལ་བར་ཙོག་པུར་བསྡད་ནས་འདུག་ལ།ཉེན་ཁ་ཆེ་བའི་དུས་སུ་སླེབས་དུས།ད་གཟོད་རྡེའུ་བར་གྱི་ཀྱག་ཀྱོག་གི་ལམ་ཆུང་བརྒྱུད་ནས་མྱུར་འཕུར་འགྲོ་བ་རེད།

        སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་སྐྱེགས་བྱ་མཆུ་རིང་ནི་མཐོང་དཀོན་པའི་འདབ་ཆགས་ཤིག་ཡིན།