བོད་ལྗོངས་སུ་སྐམ་སའི་སྒལ་རུས་ཅན་གྱི་སྲོག་ཆགས་རིགས1072ཡོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-08   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།

139864017_16177657533301n.jpg

འདི་ནི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་རེད།

        ཟླ4པའི་ཚེས6ཉིན་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ལས་དོན་ཚོགས་འདུ་ལྷ་སར་བསྡུས། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་སྐྱེ་ཁམས་ནགས་ཚལ་དང་རྩྭ་ཐང་དང་དམངས་འཚོའི་ནགས་ཚལ་དང་རྩྭ་ཐང་གི་གཙོ་རྐང་གཉིས་ལ་དམིགས་ཏེ་ནགས་ཚལ་དང་། རྩྭ་ཐང་། བརླན་ས། ཐང་རྒོད་བཅས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་ནན་མོ་བྱས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་ཧུར་ཐག་སྒོས་འཕེལ་རྒྱས་སུ་བཏང་བ། ལམ་སྲོལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་བ། སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་། 

བརྟག་དཔྱད་བྱས་པར་གཞིགས་ན། ད་ཆ་བོད་ལྗོངས་སུ་སྐམ་སའི་སྒལ་རུས་ཅན་གྱི་སྲོག་ཆགས་རིགས1072ཡོད་ཅིང་། དེའི་ནང་སྐྱེ་དངོས་རིགས་གསར་པ5དངོས་སུ་བཏོན་པ་དང་། ཀྲུང་གོའི་ཟིན་ཐོ་གསར་པའི་སྐྱེ་དངོས་རིགས5དང་བོད་རང་སྐྱོང་ལྗོངས་ཀྱི་ཟིན་ཐོ་གསར་པའི་སྐྱེ་དངོས་རིགས23གསར་དུ་རྙེད་པ་རེད།

139864017_16177657601661n.jpg


འདི་ནི་བོད་ལྗོངས་གཞིས་ཀ་རྩེའི་མངའ་ཁོངས་ཀྱི་ཁྲུང་ཁྲུང་སྐེ་ནག་རེད།

        བོད་ལྗོངས་འདི་ཉིད“འཛམ་གླིང་ཡང་རྩེ”རུ་གནས་པ་དང་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་། འཐབ་ཇུས་ཐོན་ཁུངས་གསོག་འཇོག་རྟེན་གཞི། གྲང་ངར་ཆེ་བའི་སྐྱེ་དངོས་སྣ་ཁའི་ཐོན་ཁུངས་བང་མཛོད་བཅས་ཡིན་པས་སྐྱེ་ཁམས་རིན་ཐང་ཧ་ཅང་ཐུན་མོང་མ་ཡིན་པ་ཞིག་ཡོད། དུས་ཡུན་ལོ8ཀྱི་ནང་སྐམ་སའི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པ་བརྒྱུད། སྐམ་སའི་རི་སྐྱེས་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་རིགས་དང་། གྲངས་འབོར། ཁྱབ་ཚུལ། འཚོ་གནས་ཁོར་ཡུག སྲུང་སྐྱོང་དོ་དམ་བཅས་ཀྱི་གནས་ཚུལ་ཁོང་དུ་ཆུད་པ་མ་ཟད། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་སྐམ་སའི་རི་སྐྱེས་སྲོག་ཆགས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྟོང་ཆ་ཡང་བསྐངས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱེད་པའི་སྔ་རྗེས་སུ་ཆེད་ལས་མི་སྣ900ལྷག་དེའི་ནང་ཞུགས་པ་དང་བརྟག་དཔྱད་བྱ་ཡུལ260བཀོད་སྒྲིག་བྱས་ཡོད། རིམ་རྩིས་བྱས་པ་ལྟར་ན་བརྟག་དཔྱད་ཀྱི་སྤྱིའི་རིང་ཚད་སྟོང་སྨི13390དང་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་བཅུ་ཟིན་པ་དང་། དངོས་སུ་བརྟག་དཔྱད་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ6346ལ་སླེབས་ནས་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད། །