བདེ་ཆེན་གྱི་གཞུང་ལམ་འཛུགས་སྐྲུན་ལ་དངུལ་བུན་སྒོར་དུང་ཕྱུར་3.6ཐོབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། སྟག་མཆོང་གྲོག་རོང་ནས་སེམས་ཀྱི་ཉི་ཟླ་བར་གྱི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིང་ལས་གསར་སྤེལ་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གི་ཡུལ་སྐོར་དབུལ་སྐྱོར་དངུལ་བུན་སྒོར་དུང་ཕྱུར་3.6བཏང་ནས་བདེ་ཆེན་གྱི“གཞུང་ལམ་དང་ཡུལ་སྐོར་ཟུང་དུ་འབྲེལ་བའི”དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་རོགས་རམ་བྱས་པ་རེད། དབུལ་སྐྱོར་དངུལ་བུན་གྱིས་གཞུང་ལམ་གྱི་ལམ་ངོས་ལ་རྡོ་ཧྲུལ་རྨང་རྡོ་གཏིང་བའི་རྣམ་གྲངས་ལེགས་འགྲུབ་ཐུབ་བྱས།

        རིམ་པ་དང་པོའི་རྡོ་ཧྲུལ་གྱི་རྨང་རྡོ་གཏིང་བའི་ཚོད་ལྟའི་ལམ་དུམ་བུ་དེ་གཙོ་གཞུང་ལམ་ཐིག་K1+130K1+330ལ་བདམས་ཤིང་།སྟག་མཆོང་གྲོག་རོང་ནས་འགོ་ཚུགས་ན་རིང་ཚད་ལ་སྨི་200ཡོད་ལ། 2021ལོའི་ཟླ་3ཚེས་31ཉིན་ཚོད་ལྟའི་ལམ་དུམ་བུ་བཏིང་ཚར་བ་རེད། སྲ་འཛིན་ཨར་འདམ་རྡོ་ཧྲུལ་གཏོང་བའི་གཙོ་གཙོ་གཞུང་ཐམ་ཐིག་དེ་K1+13~K1·330དུམ་བུ་བདམས་ཤིང་། རིང་ཚད་ལ་སྨི་200དང་གཞི་རིམ་གྱི་ཞེང་ཚད་ལ་སྨི་7.5ཡོད་ལ།མཐུག་ཚད་ཚོད་འཛིན་ཐུབ་ཚད་38cmཡིན།

        2021ལོའི་ཟླ་4ཚེས་1ཉིན་ཚོད་ལྟའི་ལམ་དུམ་བུ་འདིང་རིང་ལས་གྲྭའི་ལག་རྩལ་མི་སྣས་ཚོད་ལྟའི་ལམ་དུམ་མཐོ་ཚད་དང་།ཏན་ཏིག་ཚད་གཞི།མཐུག་ཚད་སོགས་དམིགས་ཚད་ཁག་ལ་ཞིབ་དཔྱད་ཚད་ལེན་བྱས་ཡོད།ཚང་མ་ཚད་ལྡན་དང་ཇུས་འགོད་ཀྱི་བླང་བྱ་དང་མཐུན་ཡོད།ཞིབ་དཔྱད་ཚད་ལེན་གྲངས་གཞི་དང་གྲུབ་འབྲས་དེ་གཞི་ཁྱོན་ཆེ་བའི་ལམ་བུའི་ཐོག་ཨར་ལས་བྱེད་པར་མཛུབ་ཁྲིད་བྱེད་པའི་གཞི་འཛིན་ས་ཞིག་ཏུ་བརྩི་བ་རེད།