མཚེའུ་སྐྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-07   རྩོམ་ཁུངས།    སེམས་ཉི་ཟླ་བོད་ཡིག་དྲ་བ།

མཚེའུ་སྐྱུར།

        མཚེའུ་སྐྱུར་ནི་སྐྱུར་བའི་རིགས་སུ་གཏོགས་ལ། སྤྱིའི་རིང་ཚད་ལ་ལི་སྨི་15ཡོད། རྒྱུད་འཕེལ་བའི་སྐབས་སུ་མཚེའུ་སྐྱུར་གྱི་ཁ་དོག་ཧ་ཅང་བཀྲ་ལ། མགོ་དང་སྐེ། བྲང་བཅས་ཀྱི་ཁ་དོག་དམར་པོ་ཡིན། རྒྱབ་ཏུ་སྒྲོ་སྤུ་ནག་པོའི་རྒྱན་རིས་ཡོད་ལ། སྐྱེ་འཕེལ་གྱི་དུས་ཚོད་འདས་རྗེས། མཚེའུ་སྐྱར་གྱི་སྒྲོ་སྤུ་བརྗེ་བའི་དུས་ལ་ཐུག་པས། མགོ་དང་མཇིང་པ། བྲང་དང་རྒྱབ་སོགས་ལ་མདོག་སེར་པོའམ་ནག་པོར་འགྱུར་ལ། འཕུར་སྐྱོད་ཀྱི་སྐབས་སུ་ལུས་པོ་དཀར་ཞིང་རྒྱབ་ཏུ་མདོག་སྨུག་པོར་འགྱུར་བས། རྒྱུན་དུ་འདབ་ཆགས་རིགས་མི་འདྲ་བ་གཉིས་ཡིན་པའི་སྣང་བ་སྐྱེས་སུ་འཇུག་པ་རེད། 

        མཚེའུ་སྐྱུར་དུས་རྒྱུན་མཚེའུ་དང་ཆུ་མཛོད།ན་འདམ་འགྲམ་གྱི་ནགས་ཚལ་དང་།སྡོང་ཐུང་ནགས་ཚལ།རྩྭ་གསེབ་བཅས་སུ་འཚོ་ཞིང་།རྒྱུན་དུ་འབྲས་ཞིང་ནང་གཟན་འཚོལ་བ་དང་།ཁེར་རྐྱང་ངམ་ཡང་ན་གྲངས་ཀ་ངེས་མེད་ཀྱི་ཁྱུ་ཚོགས་ཆུང་ཆུང་རེ་བྱས་ནས་གཟན་འཚོལ་བ་བ་རེད། གཟན་དུ་ཉ་དང་ཤ་སྨི། སྦལ་བ་དང་ཆུ་སྐྱེས་འབུ་སྲིན་སོགས་སྤྱོད་པ་རེད།

        སེམས་ཀྱི་ཉི་ཟླ་རུ་མཚེའུ་སྐྱུར་ནི་མཐོང་དཀོན་པའི་འདབ་ཆགས་རིགས་ཤིག་ཡིན།