སེམས་ཀྱི་ཉི་ཟླ་ན་དཔྱིད་ཀྱི་མེ་ཏོག་རྣམ་པར་བཀྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།




    ཟླ་ལ་དཔྱིད་ཟླ་སླེབས་ཡོང་དུས། ང་ཚོས་སླར་ཡང་མེ་ཏོག་རྣམ་པར་བཀྲ་བའི་དུས་ཚིགས་དེ་བསུས་ཡོང་། ཟླ་བ་བཞི་བའི་དཔྱིད་ཆར་གྱིས་མཐོ་སྒང་གི་མཁར་གྲོང་འདི་དལ་གྱིས་གཉིད་ལས་བསླངས་སྟེ། རྡོ་མཁར་རྫོང་དང་ཀླུ་ཆུ་སྤྱི་གླིང་སོགས་སུ་མེ་ཏོག་རྣམ་པར་བཀྲ་ལ། མེ་ཏོག་ལ་དཀར་ལ་དྲི་མ་མེད་པའི་ལི་ཧྭ་མེ་ཏོག་དང་ཁམ་བུའི་མེ་ཏོག  སྟག་མའི་མེ་ཏོག་སོགས་གཅིག་ལ་གཅིག་འགྲན་གྱིས་བཞད་ཡོད་དེ། དཔྱིད་ཀའི་སྣང་ཞིག་གིས་ཁེངས་འདུག