ཆུ་སྐྱར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཆུ་སྐྱར་ནི་སྐྱར་མོའི་རིགས་ཤིག་ཡིན་ལ་དེའི་རིང་ཚད་ལ་ལི་སྨི་54ཙམ་ཡོད་ལ། ལུས་གཟུགས་ཅུང་གོར་ལ་ཤ་རྒྱག་པ་ཞིག་ཡིན། ནར་སོན་སྐྱར་མོའི་མགོ་ནག་ལ་སྐེ་དང་བྲང་དཀར་པོ་ཡིན། རྒྱབ་དུ་ཐིག་གཉིས་ལོགས་གཉིས་སུ་དཔྱངས་ཡོད་ལ། གཤོག་པ་གཉིས་དང་མཇུག་སྒྲོ་སྐྱ་བོ་ཡིན། ནར་མ་སོན་པའི་བྱ་ལ་མདོག་སྨུག་པོའི་གཞུང་རིས་དང་ཁྲ་ཐིག་ཡོད་ལ། སྐྱེ་འཕེལ་དུས་སུ་རྐང་པ་དང་མིག་སྔོན་དམར་པོ་ཆགས་པ་རེད།

     

        ཆུ་སྐྱར་ནི་ཁྱུ་བྱས་ནས་ནངས་དུས་དང་དགོང་མོ་འགུལ་སྤྱོད་བྱེད་ལ། ཆུ་ཕྲན་དང་གཙང་པོ། རྫིང་བུ། ནེའུ་གསེང་སོགས་སུ་གཟན་འཚོལ་ལ། ཉིན་མོ་ནགས་ཚལ་སྟུག་པོའི་ནང་དུ་སྦས་ནས་བསྡད་པའམ། ཡང་ན་ཁྱུ་ཚོགས་ཆུང་ཆུང་བྱས་ནས་དབེན་འཇགས་ཀྱི་རི་ལྡེབས་དང་ཆུ་མཛོད། མཚེའུ་ནང་གི་གླིང་ཕྲན་ཆུང་ཆུང་ཡིབས་ནས་འདུག་ལ།  ཡང་ན་ཤིང་སྡོང་མཐོ་ཞིང་ཆེ་བའི་ཡལ་འདབ་ཁྲོད་དུ་ཡིབས་ནས་འདུག སྐབས་འགར་ཁེར་རྐྱང་དུ་འགུལ་སྐྱོད་དང་འཚོ་སྡོད་བྱེད་པ་མཐོང་རྒྱུ་ཡོད། རྒྱུན་དུ་སྐེ་འཁུམ་ནས་ཡུན་རིང་བོར་མི་འགུལ་བའམ་ཡང་ན་སྒྲོ་དང་ཡལ་གའི་བར་དུ་འགུལ་སྐྱོད་བྱེད་པ་དང་།སྐབས་འགར་རྐང་པ་ཡ་གཅིག་ཡར་བཀྱགས་ནས་ལུས་ཀྱི་སྟོད་གུག་དབྱིབས་ལྟར་བྱེད།

        སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ཆུ་སྐྱར་དབྱར་དུས་ཀྱི་རྒྱུན་མཐོང་འདབ་ཆགས་ཤིག་ཡིན།