སེམས་ཀྱི་ཉི་ཟླའི་སྤྱི་གླིང་དང་ཐང་ཆེན་དག་ན་མི་རིགས་་མཐུན་སྒྲིལ་གར་ལ་བསྒྱུར་བཞིན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཉེ་ཆར། སེམས་ཀྱི་ཉི་ཟླའི་གནམ་གཤིས་རིམ་གྱིས་དྲོ་རུ་སོང་བ་དང་། ས་གནས་གྲོང་མི་མང་བོས་དགོང་ཟས་ལ་རོལ་རྗེས་རྡོ་མཁར་རྫོང་དང་། ཤམ་བྷ་ལ་སྤྱི་གླིང་། དཀྱིལ་འཁོར་ཐང་ཆེན་སོགས་གང་སར་དགའ་སྤྲོའི་རོལ་དབྱངས་གྲགས་པ་དང་བགོད་སྒྲས་ཁེངས་ཡོད་ལ། གྲོང་མི་ཚོས་རོལ་དབྱངས་དང་བསྟུན་ནས་གླུ་གར་གྱི་ནང་དུ་འཛུལ།

        ཉི་མ་ལམ་ན་ཁྱིམ་ཡོད་པའི་ཨ་ནེ་ལྷ་མོ་ལགས་དགོང་ཟས་ཟོས་རྗེས་ཤམ་བྷ་ལ་སྤྱི་གླིང་དུ་སོང་ནས་དུས་རྒྱུན་ལྟར་གར་བྲོ་འཁྲབ་བཞིན་ཡོད། རང་མི་རིགས་ཀྱི་སྐོར་བྲོ་དང་གཞས་ཕུད་ཨ་ནེ་ལྷ་མོ་ལགས་ཀྱིས་དགའ་ཤོས་བྱེད་པ་ནི་འཇང་རིགས་ཀྱི་ཞབས་བྲོ་ཡིན་ལ། ཁོང་གིས་འཇང་གི་ཞབས་བྲོ་འཁྲབ་པའི་གོམ་སྟབས་མགྱོགས་པ་དང་རྣམ་པ་འཁྲུག་ཆ་དོད་པས་བྲོ་འཁྲས་སྐབས་ཚང་མ་དེའི་དགའ་སྤྲོའི་ནང་ཞུགས་ཆོག་ཅེས་བཤད། དགོང་མོ་ཤམ་བྷ་ལ་ཐང་ཆེན་དུ་ཉིན་ལྟར་མི་རིགས་ཁག་གི་ཞབས་བྲོ་འཁྲབ་ཀྱི་ཡོད་ལ། ཞབས་བྲོ་རྒྱག་མཁན་ཡང་མི་རིགས་ཁག་གི་ཨ་ཁུ་དང་ཨ་ནེ་ཡིན་པས་དེང་གི་གཞས་དང་ཞབས་བྲོ་རྒྱག་གཏན་ནས་ཤེས་ཀྱི་མེད། ཚང་མས་ཞབས་བྲོ་འཁྲབ་པ་བརྒྱུད་ནས་ཕན་ཚུན་མི་རིགས་ཀྱི་རིག་གནས་ཤེས་རྟོགས་དང་འབྲེལ་ཟབ་དུ་གཏོང་བཞིན་ཡོད་པ་རེད།        འཁྲུག་ཆ་དོད་པོ་དེ་རྡོ་མཁར་རྫོང་ཕྱོགས་བཞི་ཁྲོམ་གཞུང་གི་ཐང་ཆེན་ཞབས་བྲོ་ཡིན་ལ། རྡོ་མཁར་རྫོང་དུ་སྡོད་པའི་གྲོང་མི་ཚོས་ཉིན་ལྟར་དགོང་མོའི་ཞབས་བྲོ་རྒྱག་ཆེད་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ནས་རིགས་སོ་སོའི་མི་རིགས་ཀྱི་བྲོ་གར་འཁྲབ་བཞིན་ཡོད་ལ། དེའི་ནང་ཞུགས་མཁན་ཉེ་འགྲམ་གྱི་ཁྱིམ་དུད་ཕུད་ད་དུང་ཡུལ་སྐོར་བའང་མང་བོ་ཡོད་དེ། གནས་འདི་གླུ་གར་ཕུད་ད་དུང་ས་གནས་ཀྱི་རིགས་སོ་སོའི་རྒྱན་གོས་རིག་གནས་ཀྱི་འགྲེམས་སྟོན་བྱ་ཡུལ་ཞིག་ཏུའང་གྱུར་འདུག  

        ཟླ་འོད་ཐང་ཆེན་དང་མི་རིགས་རིག་གནས་ཐང་ཆེན། ཉི་མ་སེར་པོའི་ཐང་ཆེན་ནི་སེམས་ཀྱི་ཉི་ཟླའི་ཁྱད་ཆོས་ལྡན་ཤོས་དང་མཚོན་བྱེད་ཅིག་ཏུ་དུ་གྱུར་ཡོད་ལ། བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཅུས་ཀྱི་སྐུལ་འདེད་འོག་གཞི་རིམ་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འགྲེམས་སྟོན་དེ་གར་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་དང་རྒྱན་གོས་འགྲེམས་སྟོན་ཀྱི་སྟེགས་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད། ཁོང་ཚོས་སྲོལ་རྒྱུན་གྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྱོན་ཆས་སྤྲས་ཤིང་། ཆེས་གདོད་མའི་མི་རིགས་ཀྱི་གླུ་གར་འཁྲབ་མཁན“བདེ་ཆེན་དུ་བསྐྱོད་པའི”རིག་གནས་དང་བར་ཐག་མེད་པའི་ངང་སྤེལ་རེས་བྱས་པས་བདེ་ཆེན་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྣ་མང་ཁྱད་ཆོས་དང་།གཏིང་ཟབ་པ། ཕུན་སུམ་ཚོགས་པ། ཡིད་འཕྲོག་གི་རྣམ་པ་བཅས་མངོན་པར་བྱས་ཡོད།

        སེམས་ཀྱི་ཉི་ཟླར་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲོང་ཁྱེར་ཞིག་གི་ངོས་ནས་མི་རིགས་མཐུན་སྒྲིལ་དེ་མི་རེ་རེའི་འཚོ་བའི་གོམས་གཤིས་སུ་གྱུར་ཡོད་ལ།མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་མི་རིགས་དབར་གྱི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད།ཉེ་བའི་ལོ་ཤས་རིང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཀྱང་ཐང་ཆེན་བསྐྲུན་ནས་མི་རིགས་ཁག་གི་སྤེལ་རེས་མཉམ་འདྲེས་ལ་ལས་སྟེགས་བཏོད་དེ་མི་རིགས་མཐུན་སྒྲིལ་ཆེ་མོར་སྐུལ་འདེད་གཏོང་བཞིན་ཡོད།