བདེ་ཆེན་ཁུལ་གྱིས་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  དྭངས་གསལ་དུས་ཚིགས་སླེབས་དུས།  བདེ་ཆེན་ཁུལ་ཐད་གཏོགས་དང་གྲོང་ཁྱེར་ཐད་གཏོགས་ཀྱི་སྡེ་ཚན་ཁག་གི་ལས་བྱེད་པ་དང་།  བདེ་ཆེན་དུ་བཅའ་སྡོད་དམག་དཔུང་གི་འཐུས་མི།  མེ་ཟོན་སྡེ་ཁག་གི་འཐུས་མི།  སྔོན་གཤེགས་དཔའ་པོའི་ནང་མིའི་འཐུས་མི།  དམག་མིའི་ངལ་གསོ་ལས་བྱེད་པའི་འཐུས་མི།  ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི།  སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པའི་འཐུས་མི།  གུང་གཞོན་ཚོགས་པའི་འཐུས་མི།  ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣའི་འཐུས་མི་སོགས་སེམས་ཀྱི་ཉི་ཟླའི་སྔོན་གཤེགས་དཔའ་བོའི་བང་སོའི་གླིང་དུ་སོང་ནས་དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་སྒོ་སྤེལ་བ་རེད།

 

        བྱེད་སྒོའི་ཡུལ་དངོས་སུ།  མི་སྣ་ཡོངས་རྫོགས་ཀྱིས་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་དུ་གཟབ་ནན་གུས་བཀུར་ཞུས་པ་དང་།  ཀྲུང་གོའི་མི་དམངས་ཀྱི་བཅིངས་འགྲོལ་བྱ་གཞག་དང་འཛུགས་སྐྲུན་བྱ་གཞག་གི་ཆེད་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོ་ལ་གུས་འདུད་ཞུས་པ་མ་ཟད་མེ་ཏོག་སི་ར་ཕུལ་བ།  ད་དུང་སྔོན་གཤེགས་དཔའ་བོའི་བང་སོར་དུར་རྡོ་ཕྱིས་པ་དང་ལོ་ལྷུང་དང་ཡལ་ག་སྐམ་པོ་གཙང་སེལ་བྱས་པ་རེད།