ལྗང་བྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ལྗང་བྱའི་ལུས་པོའི་རིང་ཚད་ལི་སྨི་29ཙམ་ཡོད་ལ།  མཆུ་ཏོ་རིང་ཞིང་གཞོགས་ལེབ་ཅུང་གུག  སྤྱི་ཡོངས་ཀྱི་ཁ་དོག་ཅུང་ཟབ་པ་དང་ཁོག་སྟོད་ལ་གཞུང་རིས་མང་།  མགོ་སྟེང་ཁམ་མདོག་ཡིན་ལ་ངོ་གདོང་ཐལ་མདོག་ཡིན།  སྨིན་རིས་སྐྱ་མདོག་ཡིན་པ་དང་མིག་ཐིག་ནག་སྐྱ་ཡིན།  གདོང་གི་གཡས་འོག་ཏུ་དཀར་པོ་ཡིན་ལ་སྐེ་དང་བྲང་ནི་སྐྱ་མདོག་ཡིན།  གཞོགས་གཉིས་ལ་ནག་ཅིང་དཀར་རྐྱང་གི་འཕྲེད་ཁྲ་ཡོད་པ་དང་མཇུག་སྒྲོ་ཐུང་ཞིང་སྒོར། 

        ལྗང་བྱ་ནི་བློ་ཁོག་ཆུང་བ་དང་རྒྱུག་མཁས་ཤིང་སྦས་མཁས་པ། འཚོ་གནས་བྱ་ཡུལ་གྱི་འཕྲོད་ནུས་ཅུང་ཆེ།  འདམ་རྫབ་དང་མཚེའུ་འགྲམ།  ཆུ་ངོགས་ཀྱི་རྩྭ་གསེབ།  ཆུ་རྫིང་།  ཆུ་ཞིང་དང་དེ་བཞིན་མཚོ་རྒྱུད་གྲམ་ཐང་དུ་འཚོ་གནས་བྱེད་པར་དགའ། གཙོ་བོ་ཆུ་སྐྱེས་འབུ་སྲིན་དང་ལུས་མཉེན་སྲོག་ཆགས།  ཆུ་སྐྱེས་རྩི་ཤིང་གི་ལོ་མ་དང་མྱུ་གུ  ས་བོན་སོགས་ཟས་སུ་བྱེད་པ།  རྒྱུན་དུ་སྐྱ་རེངས་དང་ས་སྲོད།  དེ་བཞིན་མཚན་མོར་འགུལ་སྐྱོད་བྱེད་པ་དང་ཉིན་མོ་སྡོང་ཕུང་དང་རྩྭ་གསེབ་ཏུ་སྦས་པར་དགའ།

        ལྗང་བྱ་དེ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོ་དང་།  ཧྥེ་གླིང་།  རྒྱ་གར་གྱི་སྐམ་ས་ཆེན་པོ་ཕལ་པ་དང་དེ་བཞིན་ཀྲུང་གོ་བཅས་སུ་ཁྱབ་ཡོད་ལ།  བྱ་དེ་ནི་སེམས་ཀྱི་ཉི་ཟླ་ས་ཁུལ་གྱི་དགུན་བྱ་མཐོང་དཀོན་པ་ཞིག་ཡིན།