གླག་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    གླག་ནག་གི་གཟུགས་པོ་རིང་ཚད་ལ་ལི་སྨི་54-69ཡོད། ཁོག་སྟོད་ཀྱི་ཁ་དོག་ཁམ་སེར་དང་འོག་གི་ཁ་དོག་སྨུག་པོ། ཚང་མར་ཁ་དོག་ཁམ་སྨུག་གི་སྐམ་རིས་ཡོད་པ་དང་། རྔ་མ་རིང་ཞིང་ཁ་དབྲག་ཅན་ཡིན་པ། ཞེང་ཚད་འདྲ་མཚུངས་ཡིན་པའི་ཁ་དོག་ནག་པོ་དང་སྨུག་པོའི་འདྲེས་སྡེབ་ཀྱི་འཕྲེད་ཁྲ་ཡོད་པ། འཕུར་བའི་དུས་སུ་གཤོག་པའི་འོག་གི་གཡས་གཡོན་དུ་དཀར་ཁྲ་ཆེན་པོ་རེ་ཡོད། སྟེང་སྣོལ་ཅན་གྱི་མཇུག་ནི་དབྱེ་འབྱེད་རང་བཞིན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ། འཕུར་སྐྱོད་བྱེད་སྐབས་རྔ་མ་བརྐྱངས་ན་མཇུག་མ་མཉམ་པོར་གྲུབ་ཐུབ།

    གླག་ནག་ནི་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་དང་། ཨ་ཧྥེ་རི་ཁ། རྒྱ་གར་བཅས་སུ་རྒྱ་ཁྱབ་ངང་ཁྱབ་ནས་ཨོ་སི་ཁྲུ་ལི་ཡར་སླེབས་དེ་དག་གཙོ་བོ་རྩྭ་ཐང་། མྱ་ངམ་ཐང་། རི་ཁུལ་དམའ་མོའི་ས་ཁུལ་དུ་འཚོ་ཞིང་། བྱེའུ་དང་བྱི་རིལ །སྦལ་པ། ཉ། རི་བོང་། རྩངས་པ། འབུ་སྲིན་སོགས་སྲོག་ཆགས་རང་བཞིན་གྱི་ཟས་རིགས་ཟས་སུ་བྱེད་པ་དང་། སྐབས་འགར་ཁྱིམ་བྱ་དང་བེམ་རོ་རུལ་བ་ཡང་ཟ་བཞིན་ཡོད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་རྒྱུན་མཐོང་གི་འདབ་ཆགས་ཆེན་པོ་ཞིག་རེད།