བདེ་ཆེན་གྱིས་མི་རིགས་ལོ་རྒྱུས་སྙན་ངག་ཟློས་གར་ཞིག་མཉམ་སྒྲིག་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-04-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3པའི་ཚེས་31ཉིན་བདེ་ཆེན་ཁུལ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་མི་རིགས་ཀྱི་གླུ་གར་ལོ་རྒྱུས་མཚོན་པའི་སྙན་ངག་ཆེ་གྲས་མི་རིགས་དར་རྒྱས་གཏོང་དགོས་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེ་མོར་མཉམ་སྒྲིག་ཐེངས་དང་པོ་བྱས་པ་རེད།

    མི་རིགས་དར་རྒྱས་གཏོང་དགོས་ཞེས་པའི་དེ་དམར་དམག་དཔུང་ཚོགས་གཉིས་པ·དྲུག་པས་བདེ་ཆེན་དུ་རྒྱང་སྐྱོད་བྱེད་སྐབས་ཀྱི་རྣམ་པ་དེ་དཔེ་མཚོན་དུ་བྱས་ནས་དམར་དམག་ལ་རི་མཐོའི་གསོ་རླུང་དཀོན་པ་དང་རྩྭ་ཐང་ཐོག་འབྲུ་རིགས་མི་འདང་བའི་དཀའ་ངལ་འཕྲད་སྐབས་བདེ་ཆེན་བོད་རིགས་སྤུན་ཟླས་གཅིག་རྗེས་གཉིས་མཐུད་ངང་དམར་དམག་ལ་འབྲུ་རིགས་གྲབས་གསོག་བྱས་པ་དང་དགོན་སྡེའི་དགེ་འདུན་པ་རྣམས་ཀྱིས་འབྲུ་མཛོད་བཏོད་དེ་ནུས་ཤུགས་ཡོད་རྒུས་དམར་དམག་ལ་རོགས་རམ་བྱས་པ་དང་བློ་མཐུན་ཧོ་ལུང་གིས་ཐུགས་རྗེ་ཆེ་ཞུས་ནས་མི་རིགས་དར་རྒྱས་གཏོང་དགོས་ཀྱི་བྱ་དགའ་དགའ་ལྡན་སུམ་རྩེན་གླིང་སྤྲད་དེ་ལོ་རྒྱུས་ཀྱི་ཡོད། རླབས་ཆེན་གྱི་དམར་དམག་སྙིང་སྟོབས་དང་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་འབྲེལ་བར་བསྔགས་བརྗོད་བྱས་པ་དང་མི་རིགས་མཐུན་སྒྲིལ་མཛའ་བརྩེའི་བརྗིད་ཆེའི་བརྩེ་སེམས་མཚོན་པར་བྱས་ཡོད།

    ལོ་རྒྱུས་སྙན་ངག་སྟེ་སྐྱ་འོད་དང་། གཉེན་བསུ་མ།འབྲུ་རིགས་སྐྱེལ་བ། བྱ་དགས་སྤྲད་བ།མི་རིགས་དར་རྒྱས་གཏོང་དགོས་སོགས་ལེ་ཚན་18ཡོད། གར་སྟེགས་ཧྲིལ་པོར་བདེ་ཆེན་ས་ཁོངས་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། བརྗིད་ཉམས་ཆེ་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བདེ་ཆེན་གྱི་འོད་སྟོང་འབར་བའི་འཕོ་འགྱུར་དང་མི་རིགས་ཁག་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གང་ལེགས་མངོན། མི་རྣམས་ཀྱིས་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོའི་འོད་སྟོང་འཕྲོ་བའི་རྐང་རྗེས་འཚོལ་བ།མི་རིགས་ཀྱི་རང་བཀུར་བསམ་པ་དང་། རང་ཡིད་རང་ཆེས་ཀྱི་བསམ་པ།སྤོབས་སེམས་བཅས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དང་ཡིད་ཆེས་བརྟན་དུ་བཏང་སྟེ་ཀྲུང་གོའི་ཕུགས་འདུན་གྱི་བདེ་ཆེན་གྱི་ལེའུ་གསར་པ་གཏོད་ཆེད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ལོ་རྒྱུས་སྙན་ངག་དེ་2020ལོའི་ལོ་མཇུག་ཏུ་གྲ་སྒྲིག་བྱེད་བ་དང་སྔོན་དཔག་བྱས་ན་ཟླ་བ་ལྔ་པར་རྒྱ་ཆེའི་ལྟད་མོ་བ་དང་ཐུག་འཕྲད་བྱ་རྒྱུ་རེད།