ཁྱེད་ཀྱི་མིག་མདངས་ཞེས་པའི་བརྙན་འཕྲིན་བདེ་ཆེན་ནས་ཕབ་སྐྲུན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    

    ཉེ་ཆར། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཇུས་འགོད་དང་སྒྲིག་འཛུགས་བྱས་ནས་གསར་རྩོམ་བྱས་པའི་བརྗོད་དོན་གཙོ་བོའི་བརྩམས་ཆོས་ཕུགས་བསམ་ཀྲུང་གོར་འཕྲོ་བ་ལས་ཁྱེད་ཀྱི་མིག་མདངས་ཞེས་པ་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ཕབ་སྐྲུན་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ཁྱེད་ཀྱི་མིག་མདངས་ཀྱི་མི་སྣ་གཙོ་བོའི་མ་དཔེ་ལུང་ཡུང་ཁྲེང་ནི་ཀྲུང་གོའི་ཏན་སྤྲེའུ་སྤུ་སེར་ཕྱི་རོལ་དུ་ཞིབ་འཇུག་བྱེད་སྔ་ཤོས་ཀྱི་ཚན་རིག་མཁས་ཅན་གྱི་གྲས་ཤིག་རེད། 1987ལོ་ནས་བཟུང་ཁོང་གིས་ཉེ་བའི་ལོ་30ཙམ་གྱི་དུས་ཚོད་ནང་འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཏན་སྤྲེའུ་སྤུ་སེར་ཞིབ་འཇུག་དང་སྲུང་སྐྱོང་བྱས་པས་ཏན་སྤྲེའི་སྤུ་སེར་གྱི་གྲངས་འབོར་ཉུང་ཤོས་སྐབས་1700ལྷག་ཙམ་ནས་3500ལྷག་ཙམ་བར་མང་དུ་ཕྱིན་ཡོད།

    ཏན་སྤྲེའུ་སྤུ་སེར་ནི་འཛམ་གླིང་ཐོག་མིའི་རིགས་ཕུད་པའི་ས་བབ་མཐོ་ཤོས་སུ་འཚོ་སྡོད་བྱེད་པའི་སྲོག་ཆགས་ཤིག་ཡིན་ལ་ཀྲུང་གོའི་འཛམ་གླིང་རིམ་པའི་རྩ་ཆེའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཤིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་གོ་ལ་ཧྲིལ་པོ་དྲོ་རུ་ཕྱིན་པ་དང་ཆབས་ཅིག་བདེ་ཆེན་ཁུལ་དུ་གནས་པའི་ཏན་སྤྲེའུ་སྤུ་སེར་གྱི་འཚོ་གནས་ལོ་རེ་བཞིན་ཆུང་དུ་འགྲོ་བཞིན་ཡོད་པ་མ་ཟད། འཚོ་བའི་ཁུལ་གྱི་ཉེ་འགྲམ་དུ་འཚོ་སྡོད་བྱེད་མཁན་གྲོང་མི་མང་ཆེ་བར་རྔོན་རྒྱག་པའི་སྲོལ་རྒྱུན་ཡོད་པས་ཏན་སྤྲེའུ་སྤུ་སེར་སྲུང་སྐྱོབ་ཀྱི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་རེད། ཉེ་བའི་ལོ་30ཡི་རིང་། ལུང་ཡུང་ཁྲེང་ལ་འཕྲད་པའི་རྔོན་པ་ཚང་མ་སྤྲེའུ་སྲུང་རུ་མི་ཞིག་ཏུ་གྱུར་ཡོད། ཁོང་ཚོས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་སྟོངས་ལ་ཉེ་བའི་ཏན་སྤྲེའུ་སྤུ་སེར་སྐྱོབ་པའི་རྩ་ཆེ་ལ་སྟོངས་ལ་ཉེ་བའི་སྲོག་ཆགས་དེ་དག་ལས་མིའི་རིགས་ལ་སྙིང་རྗེ་བའི་སྤྲེའུ་མང་པོ་ཞིག་གནས་ཡོད།

    ཁྱེད་ཀྱི་མིག་མདངས་ཀྱི་འཁྲབ་ཁྲིད་པ་ཀྲེན་ཧྲི་ལུང་གིས་ལུང་ཡུང་ཁྲེང་གིས་ལོ་30ཡི་དུས་ཚོད་སྤྱད་ནས་གངས་རིའི་སྤྱང་གྲུང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། ང་ཚོས་བརྩམས་ཆོས་དེ་བརྒྱུད་ལྟད་མོ་བར་ཁོང་གི་གཏམ་རྒྱུད་ཤེས་སུ་འཇུག་རྒྱུ་ཡིན། ང་ཚོར་མཚོན་ན་གཟི་བརྗིད་བླ་ན་མེད་པའི་བྱ་བ་ཞིག་རེད་ཅེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བརྙན་འཕྲིན་འཁྲབ་ཚནཕུགས་བསམ་ཀྲུང་གོར་འཕྲོ་བ་ཞེས་པ་དེ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་སོགས་འབྲེལ་ཡོད་སྒྲིག་གཞིས་ཕབ་སྐྲུན་དང་བཟོ་རྒྱུའི་འགན་འཁུར་གྱི་ཡོད་པ་རེད། ཟློས་གར་འདིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་དུས་རིམ་བཞི་ཡི་ཀྲུང་གོའི་སྙིང་སྟོབས་གནས་ཚད་དུ་བྱས། ལོ་རྒྱུས་ཀྱི་དུས་སྐབས་ཁག་ནང་ཕུགས་བསམ་ལྡན་པའི་མི་སྣ་40བདམས་ནས་ལེའུ་40ཡི་ནང་ཀྲུང་གོར་འོད་ཟེར་འཕྲོ་ཞེས་པའི་གཏམ་རྒྱུད་པར་ལེན་བྱས་ཏེ་ཏང་གི་ཐོག་མའི་བསམ་བློའི་ལས་འགན་གང་ལེགས་མཚོན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ཐུབ་པ་ཡིན་ཞེས་འགྲེལ་བཤད་གཏིང་ཟབ་བརྒྱབ་པ།དུས་རབས་གསར་པའི་རྒྱལ་ཡོངས་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་ཡོད།

    མིག་སྔར་འཁྲབ་ཚན་དེའི་ནང་དོན་ཁག་གཅིག་རྗེས་གཉིས་མཐུད་ངང་ཕབ་སྐྲུན་བྱེད་འགོ་ཚུགས་པ་དང་2021ལོའི་ཟླ་5པའི་ཟླ་འགོར་ཧུའུ་ནན་བརྙན་འཕྲིན་ཁང་དང་། མང་ཀུའོTVསོགས་སྟེགས་བུར་གཏོང་རྒྱུ་ཡིན་པ་རེད།