བྱ་གག་ཁྱུང་མགོ

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱ་གག་ཁྱུང་མགོ་ནི་བྱ་གག་གི་རིགས་སུ་གཏོགས།སྤྱིའི་རིང་ཚད་ལ་ཕལ་ཆེར་ལི་སྨི་45ཡོད།བྱ་ཕོའི་མགོ་ལ་རིང་ཞིང་མངོན་གསལ་དོད་པའི་རྒྱབ་འཕྱང་སྒྲོ་སྤུ་དང་གསུས་ཁོག་བཙན་ཤེད་གཉིས་དང་གཤོག་ཤེལ་དཀར་པོ་དང་ཆ་ཤས་གཞན་དག་ནག་པོ་ཡོད།བྱ་མོ་ཁམ་མདོག་ཡིན་ལ་སྒྲོ་སྤུ་ཅུང་ཐུང་།

    བྱ་གག་ཁྱུང་མགོ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་བྱང་རྒྱུད་དུ་རྒྱུད་སྤེལ་བ་ཞིག་ཡིན་པ་དང་།ཨེ་ཤེ་ཡའི་ཁྱུ་ཚོགས་སྟོན་དུས་སུ་ལྷོ་ཕྱོགས་སུ་རི་པིན་དང་།ཁྲའོ་ཞན་ཕྱེད་གླིང་།ཀྲུང་གོའི་ཤར་རྒྱུད།ལྷོ་ནུབ་རྒྱུད་སོགས་སུ་དགུན་སྒྲོལ་ཐུབ་ཡོད་པ་རེད།དགུན་སྒྲོལ་གྱི་དུས་སུ་དེ་དག་གི་ཁྱུ་འདྲེས་ནས་མཚེའུ་དང་།ཆུ་བོ།ཆུ་མཛོད།རྫིང་བུ།ན་འདམ།ཆུ་མདོ་སོགས་ཆུ་ངོས་སུ་འགུལ་སྐྱོད་བྱེད་ཀྱི་ཡོད།ཉིན་མོར་ཆུ་གཏིང་ཐུང་ཁུལ་དུ་ཟན་འཚོལ་རྒྱུ་ཧ་ཅང་ཉུང་ཞིང་།རྒྱུན་དུ་ཁྱུ་ཚོགས་བརྒྱ་ལྷག་གམ་བརྒྱ་ཕྲག་ལྷག་བསྒྲིགས་ནས་ཆུ་ཐོག་ཏུ་གཡེང་ནས་རྐྱལ་རྒྱག་གི་ཡོད་པ་དང་།སྐབས་འགར་བྱ་གག་མགོ་དམར་དང་བྱ་གག་གམ་བྱ་གག་གཞན་དག་དང་ཁྱུ་འདྲེས་ནས་འཚོ་བ་སྐྱེལ་གྱི་ཡོད།བྱ་གག་ཁྱུང་མགོ་ཆུ་རྐྱལ་དང་ཆུར་འཛུལ་བར་མཁས་པས་ཆུ་ནང་དུ་སྨི་2ནས་3བར་དུ་འཛུལ་ཐུབ།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་བྱ་གག་ཁྱུང་མགོ་ནི་རྒྱུ་ན་མཐོང་གི་དགུན་དུས་བྱ་རིགས་ཤིག་ཡིན།