སེམས་ཀྱི་ཉི་ཟླ་ནས་ཧྲང་ཧའེ་བར་མཁའ་ལམ་གསར་བ་ཞིག་ཤར་གཏོང་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ཟླ་3པའི་ཚེས་28ཉིན།  ཤར་ཕྱོགས་མཁའ་འགྲུལ་གྱི་གནམ་གྲུ་ལན་གྲངས་MU7892བདེ་འཇགས་ངང་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དུ་བབས་པ། དེས་ཤར་ཕྱོགས་མཁའ་འགྲུལ་གྱིས་ཧྲང་ཧའེ་(ཕུའུ་ཏུང་)ནས་ཁུན་མིང་དང་དེ་ནས་བདེ་ཆེན་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་པ་མཚོན་ཡོད། མཁའ་ལམ་དེ་ཤར་གཏོང་བྱེད་པ་ནི་བདེ་ཆེན་གྱིས་ཧྲེན་ཀྲེན་དང་ཀོང་ཀྲུའུ་བར་གྱི་མཁའ་ལམ་ཤར་གཏོང་བྱས་རྗེས་རྒྱལ་ནང་གི་གཙོ་གནད་དམིགས་འབེན་གྲོང་ཁྱེར་བར་ཤར་གཏོང་བྱེད་པའི་མཁའ་ལམ་ཡང་གཅིག་རེད་ལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡུན་ནན་དང་ཧྲང་ཧའེ་བར་གྱི་མཉམ་ལས་བྱེད་ཤུགས་ཆེར་གཏོང་རྒྱུ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། དུས་མཚུངས་སུ། ཧྲང་ཧའེ་ནི་བདེ་ཆེན་གྱི་ཡུལ་སྐོར་བའི་འགྲུལ་ཁུངས་གལ་ཆེན་ཞིག་ཡིན་ལ། མཁའ་ལམ་ཤར་གཏོང་བྱས་རྗེས་སྔར་ལས་ལྷག་པར་བདེ་ཆེན་དང་ཧྲང་ཧའེ་དེ་བཞིན་འབྲི་ཆུའི་ཟུར་གསུམ་གླིང་ཁུལ་བར་གྱི་ཡུལ་སྐོར་འགྲོ་འོང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་པ་དང་། བདེ་ཆེན་གྱི་ཡུལ་སྐོར་ཁྲོམ་ར་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་རྒྱུ་ལ་དོན་སྙིང་གལ་ཆེན་ལྡན།

    ཤེར་རྟོགས་བྱུང་དོན།ཟླ་3པའི་ཚེས་28ཉིན་ནས་བཟུང་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་དབྱར་དུས་ཀྱིས་གནམ་གྲུའི་འཆར་གཞི་ལག་བསྟར་བྱས་ནས་ཟླ་10པའི་ཚེས་30ཉིན་དུ་མཇུག་རྫོགས་རྒྱུ། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་ཁུན་མིང་ནས་བདེ་ཆེན་དང་།ཁྲུང་ཆིང་ནས་བདེ་ཆེན། ཁྲེང་ཏུའུ་ནས་བདེ་ཆེན། ཁྲེང་ཏུའུ་ནས་བདེ་ཆེན་དེ་ནས་ལྷ་ས། ཀོང་ཀྲུ་ནས་བདེ་ཆེན་དེ་ནས་ལྷ་ས། ཧྲེན་ཀྲེན་ནས་བདེ་ཆེན། ལྷ་ས་ནས་བདེ་ཆེན་དེ་ནས་ཞི་ཧྲོང་པན་ན། ཧྲང་ཧའེ་(ཕུའུ་ཏུང་)ནས་ཁུན་མིང་དེ་ནས་བདེ་ཆེན་སོགས་གཏན་འཇགས་འཆར་གཞིའི་མཁའ་ལམ་ལག་བསྟར་བྱ་རྒྱུ་ཡིན་པ་དང་།  དེའི་ཁྲོད་ཧྲང་ཧའེ་(ཕུའུ་ཏུང་)ནས་ཁུན་མིང་དེ་ནས་བདེ་ཆེན་དང་།  ལྷ་ས་ནས་བདེ་ཆེན་དེ་ནས་ཞི་ཧྲོང་པན་ན།ཁྲེང་ཏུའུ་ནས་བདེ་ཆེན་དེ་ནས་ལྷ་ས་བཅས་མཁའ་ལམ་གསུམ་ནི་གསར་དུ་སྣོན་པ་ཡིན། 

    གོམ་སྟབས་རྗེས་མར། བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གིས་ཧུར་ཐག་སྒོས་མཁའ་འགྲུལ་ཀུང་སི་བར་མཐུན་སྦྱོར་དང་འབྲེལ་གཏུག་བྱ་རྒྱུ་ཡིན་པ་དང་རྒྱུན་མཐུད་དུ་མཁའ་ལམ་དང་མཁའ་འགྲུལ་གྱི་གཉེར་སྐྱོང་བྱེད་ཚུལ་ལ་དོ་སྣང་བྱ་རྒྱུ།  རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཡུལ་སྐོར་སླར་གསོ་ཡི་གནས་ཚུལ་ལ་བལྟས་ནས་དབྱར་ཁའི་སྐྱེལ་འདྲེན་དང་བདེ་ཆེན་གྱི་ཡུལ་སྐོར་བ་མང་བའི་དུས་སུ་ཞིང་ཆེན་ཕྱི་ནང་གི་གཙོ་གནད་དམིགས་འབེན་གྲོང་ཁྱེར་བར་གྱི་མཁའ་ལམ་ཤར་གཏོང་དང་སླར་གསོ་བྱེད་རྒྱུ་བརྩོན་ལེན་བྱ་རྒྱུ།ཁུན་མིང་ནས་བདེ་ཆེན་བར་གྱི་མཁའ་ལམ་གལ་ཆེན་མང་དུ་གཏོང་རྒྱུ་ཡིན་པ་དང་ཞིང་ཆེན་ནང་གི་སྐོར་སྐྱོད་མཁའ་ལམ་ཤར་གཏོང་བྱ་རྒྱུ། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་རྒྱལ་སྤྱིའི་མཁའ་ལམ་སྒོ་དབྱེའི་གནས་ཚུལ་དང་རྒྱལ་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་རྒྱལ་སྤྱིའི་མཁའ་ལམ་ཤར་གཏོང་བྱ་རྒྱུ། མཁའ་འགྲུལ་འགག་སྒོའི་གནས་སྐབས་སྒོ་འབྱེད་དམིགས་ཚད་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་དེ་ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་མཁའ་འགྲུལ་དང་རིག་གནས་ཡུལ་སྐོར་ཁྲོམ་ར་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།