བྱ་གག་མགོ་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱ་གག་མགོ་དམར་ནི་བྱ་གག་གི་རིགས་སུ་གཏོགས། སྤྱིའི་རིང་ཚད་ལ་ཕལ་ཆེར་ལི་སྨི་47ཡོད། བྱ་ཕོའི་ལུས་མདོག་ནི་ཁམ་ནག་དང་ནག་པོ། སྐྱ་མདོག་བཅས་ཁ་དོག་གསུམ་གྱིས་གྲུབ་པ་དང་། སྐྱ་མདོག་གི་གནས་སུ་རླབས་དབྱིབས་ཀྱི་ཁྲ་ཐིག་གིས་ཁེངས་འདུག འཕུར་སྐྱོད་བྱེད་པའི་སྐབས་སུ་གཤོག་པའི་སྟེང་གི་སྐྱ་མདོག་གི་ཐག་པ་དང་གཞན་པའི་མདོག་ཟབ་པའི་གནས་བསྡུར་ན་མངོན་གསལ་མིན། བྱ་མོའི་སྒྲོ་མདོག་ནི་ཁམ་མདོག་གཙོ་བོ་ཡིན།

    བྱ་གག་མགོ་དམར་དེ་ཟླ་10པའི་ཟླ་སྨད་དུ་ཀྲུང་གོའི་ལྷོ་ཕྱོགས་སུ་དགུན་སྐྱེལ་དུ་སོང་བ་དང་། དགུན་སྒྲོལ་གྱི་དུས་སུ་ཆུ་སྐྱེས་རྩི་ཤིང་གིས་ཕྱུག་པའི་རྒྱ་ཆེ་བའི་མཚེའུ་དང་། ཆུ་མཛོད། ཆུ་རྫིང་། ཆུ་བོ་དང་མཚོ་ཁུག་སོགས་ཆུ་ཁོངས་སྣ་ཚོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། བྱ་གག་མགོ་དམར་ནི་ཆུ་གཏིང་ཟབ་སར་ཆུ་འཛུལ་ནས་ཟན་འཚོལ་བ་དང་། རྒྱུན་པར་ཉ་རྒྱའི་ནང་དུ་འཛུལ་ནས་རང་སྲོག་གཅོད་པའི་གནས་ཚུལ་འབྱུང་བཞིན་ཡོད། སེམས་ཀྱི་ཉི་ཟླ་ས་ཁུལ་དུ་བྱ་གག་མགོ་དམར་ནི་རྒྱུན་མཐོང་གི་དགུན་དུས་བྱའི་རིགས་ཤིག་རེད།