སྤང་བྱེའུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-26   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྤང་བྱེའུ་ཡི་གཟུགས་པོའི་རིང་ཚད་ལི་སྨི་15ཙམ་ཡོད་པ་དང་།  མགོ་སྟེང་ནས་རྒྱབ་བར་ཁམ་སྨུག་མདོག་ཡིན་ལ་གཞུང་རིས་ཁམ་ནག་ཁྱབ་ཡོད།  གཤོག་དང་མཇུག་སྒྲོ་ཁམ་ནག་ཡིན་ཞིང་ཕྱིའི་མཐའ་ནི་ཁམ་མདོག་དཀར་པོ་ཡིན།  གཤོག་དབྱིབས་རྩེ་རིང་བ་དང་རྔ་མའང་རིང་།  རྔ་མའི་མཇུག་སྣེ་ནི་གཏིང་མི་ཟབ་པའི་ཀོང་དབྱིབས་ཡིན།  ཁོག་སྨད་སྨུག་སྐྱ་ཡིན།  སྦོ་ཞབས་དཀར་པོ་དང་ཉེ།  ཕོ་བྱ་དང་མོ་བྱ་ཡི་ཕྱིའི་རྣམ་པ་འདྲ་།

        སྤང་བྱེའུ་དེ་དབྱར་དུས་སུ་ཀྲུང་གོའི་ནུབ་ཕྱོགས་དང་ནུབ་བྱང་ཕྱོགས། ལྷོ་ནུབ་ཕྱོགས་དང་དེ་བཞིན་དཀྱིལ་དབུས་ཕྱོགས་སུ་སྐྱེ་འཕེལ་བྱེད་པ་དང་།  ཕྱི་རྒྱལ་དུ་འབར་མའི་བྱང་ཕྱོགས་ནས་བལ་ཡུལ་བར་ཁྱབ་ཡོད།  སྟོན་དུས་ལྷོ་ཕྱོགས་སམ་ས་བབ་དམའ་སར་གནས་སྤོས་ནས་དགུན་བསྐྱེལ།  སྤང་བྱེའུ་ནི་རི་མཐོའི་རྩྭ་ཐང་དང་སྡོང་ཕྲན་ནགས་རྫོབ།  འབྲོག་ར།  ཞིང་ས་སོགས་སུ་བབ་སྡོད་བྱེད།  གཅིག་པུའམ་ཆ་སྒྲིག་པ།  ཡང་ན་དྲུག་བདུན་ཙམ་ཚོགས་པ་ཆུང་ཆུང་བསྒྲིགས་ནས་བྱ་འགུལ་བྱེད།  གཙོ་བོ་རྩི་ཤིང་གི་ས་བོན་ཟ་བ་དང་འབུ་སྲིན་ཟ་བའང་ཡོད།  བྱེའུ་དེ་ནི་ཐེན་ཧྲན་རི་ཁུལ་དང་མཚོ་བོད་མཐོ་སྒང་གི་ཁྱད་ལྡན་གྱི་རིགས་ཤིག་ཡིན།