ཁྲུས་བྱེད་མི་རུང་བའི་དུས་སྐབས་གསུམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-26   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        ཁྲུས་བྱས་ན་ལུས་པོ་གཙང་མ་ཡོང་བ་མ་ཟད།  འོན་ཀྱང་ལོ་ཚོད་རྒས་པ་དང་བསྟུན་ནས་འཁྲུས་བྱས་ན་ལུས་མདངས་འཕྲོག་པར་མ་ཟད་སྙིང་ཁམས་ལའང་གནོད་པ་འབྱུང་སྲིད།  ལྷག་པར་དགུན་དུས་ཆུ་ཁོལ་གྱིས་ཁྲུས་བྱེད་སྐབས་སེམས་ཆུང་གང་ལེགས་བྱ་དགོས།

        གཅིག་ནས་རྩོལ་བ་བྱས་མ་ཐག་ཁྲུས་བྱེད་མི་རུང༌།  ཁྱིམ་ལས་ལས་པའམ་པང་ན་འགུལ་སྐྱོད་བྱེད་པ་གང་ཡིན་ཀྱང༌།  ངལ་ཅུང་ཙམ་གསོས་རྗེས་ད་གཟོད་འཁྲུས་བྱས་ན་བཟང༌།  དེ་མིན་སྙིང་དང་ཀླད་པར་ཁྲག་གིས་མི་འདང་བ་བརྒྱལ་འགྲོ་བའི་ཉེན་ཁ་ཆེ།

        གཉིས་ནས་ཚ་རྒྱག་པའི་སྐབས་སུ་ཁྲུས་བྱེད་མི་རུང༌།  མིའི་ལུས་དྲོད་ཏུའུ་གྲངས38ལ་བསླེབས་དུས།  ལུས་ཀྱི་ནུས་དྲོད་འདོར་ཚད་བརྒྱ་ཆའི20ཇེ་མཐོར་འགྲོ་བ་ཡིན་པས། ལུས་སྟོབས་ཅུང་ཞན་ལ་འཁྲུས་བྱས་ན་གནད་དོན་གཞན་པ་འབྱུང་སླ།  རབ་ཡིན་ན་ཚ་བ་འཇགས་རྗེས་འཁྲུས་བྱས་ན་བཟང༌།  

        གསུམ་ནས་ཆང་འཐུངས་རྗེས་ཁྲུས་བྱེད་སྐབས་ལུས་ནས་རྔུལ་ཆུ་འདོན་པས།  ཁྲག་རྒྱུན་ལས་ཆང་བཅུད་ཀྱི་གར་ཚད་ཇེ་མཐོར་འགྲོ་བ་ཡིན།  དེའི་ཁར་ཆུ་ཁོལ་གྱིས་ཁྲག་རྒྱུན་འཁོར་རྒྱུག་ལ་རམ་འདེགས་བྱས་ནས་ཁྲག་རྩ་ཆེར་བསྐྱེད་པས།  ལུས་ཀྱིས་ལྕོགས་དཀའ་བའི་གནས་ཚུལ་བྱུང་སྟེ་སྙིང་ནད་དང་ཀླད་འབོག་སོགས་བསྐྱེད་སྲིད།  ཚབས་ཆེ་ན་ད་དུང་ཁྲག་མངར་དམའ་བའི་བརྒྱལ་འབོག་ཀྱང་འབྱུང་སྲིད།