བྱིའུ་གསེར་འདབ་མགོ་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་གསེར་འདབ་མགོ་ནག་གི་རིང་ཚད་ལ་ལི་སྨི་14ཡོད།གཤོག་པ་ལ་ཁྱད་པར་ཅན་གྱི་མདོག་སེར་པོའི་ཁྲ་ཐིག་ཡོད།ཕོ་བྱའི་མགོ་ལ་ལྗང་ནག་ཐིག་རིས་མེད་པ་དང་།སྐེད་པ་དང་བྲང་ཁར་སྐྱུ་རུ་རའི་མདོག་སེར་པོ་ཡིན།མོ་བྱ་དང་བྱིའུ་ཆུང་ནི་སྤུ་མདོག་སྐྱ་བོ་ཡིན་པ་མ་ཟད་གཞུང་རིས་མང་བ་དང་།ཅུང་ལྗང་ནག་ཡིན།འཇའ་སྐྱི་ཁམ་མདོག་དང་མཆུ་ཏོ་གློ་ཁ།རྐང་བ་མདོག་དམར་སྐྱ་ཡིན།

    བྱིའུ་གསེར་འདབ་མགོ་ནག་ནི་ཀྲུང་གོ་རུ་བོད་ལྗོངས་ཤར་ལྷོའི་རྒྱུད་དང་སི་ཁྲོན་ལྷོ་རྒྱུད་དང་ནུབ་རྒྱུད།ཀུའེ་ཀྲོའུ་ནུབ་རྒྱུད་དང་ཡུན་ནན་གྱི་ས་ཁུལ་མང་ཆེ་བ་བཅས་སུ་མཐོང་རྒྱུ་ཡོད་པ་དང་།སྔོན་ཆད་ཞང་ཀང་ས་ཁུལ་དུ་མཐོང་རྒྱུ་ཡོད།ཕྱི་རྒྱལ་དུ་ཧིན་རྡུ་ཀྲི་ནའི་བྱང་ཕྱོགས་སུ་ཁྱབ་ཡོད་པ་རེད།རྒྱུན་དུ་ཆ་འགྲིག་པའམ་ཡང་ན་ཚོགས་པ་ཆུང་ཆུང་སྒྲིག་ནས་རྒྱ་ཆེ་བའི་ཁབ་ལོ་ནགས་ཚལ་དང་།ལོ་མ་ལྷུང་བའི་ནགས་ཚལ།ནགས་ཤིང་ཐར་ཐོར་ཡོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་དུ་འགུལ་སྐྱོད་བྱེད་པ་དང་།དགུན་ཁར་ཚོགས་པ་ཆེན་པོ་བརྒྱ་ཕྲག་ཁ་ཤས་བཙུགས་ནས་སྲ་མཁྲེགས་ཀྱི་ཤུག་སྡོང་དང་གསོམ་སྡོང་།ཡང་ན་ཞིང་ནང་དུ་ཟན་འཚོལ་བ་རེད།