ཡུང་ཧྭ་མེ་ཏོག་གིས་རྒྱན་པའི་བདེ་ཆེན་མཐོ་སྒང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    དཔྱིད་ཟླ་གསུམ་པར།གནམ་གཤིས་ཇེ་དྲོར་སོང་བ་དང་བསྟུན་ནས།སེམས་ཀྱི་ཉི་ཟླའི་དཔལ་འབྱོར་གསར་སྤེལ་ཆུས་དང་འབའ་ལུང་རྫོང་དུ་ཡུང་ཧྭ་མེ་ཏོག་རྣམ་པར་བཞད་པས།ག་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་རྣམ་པར་ཤར་འདུག

    དུས་འདིར་དཔལ་འབྱོར་གསར་སྤེལ་ཆུས་ཀྱི་སྲང་ལམ་ཆེ་ཆུང་དང་།ཐང་ཆེན་གྱི་སྔོ་ལྗང་ཁུལ།སྡེ་ཁུལ་གྱི་མཐའ་འཁོར་བཅས་སུ་མེ་ཏོག་རྣམ་པར་བཞད་པས་གང་སར་མཛེས་སྡུག་གི་རྣམ་པ་ཞིག་མངོན་འདུག

    འབའ་ལུང་རྫོང་གི་གཙང་གསུམ་ལམ་ཆེན་གྱི་ལམ་འགྲམ་གཉིས་སུའང་ཡུང་ཧྭ་མེ་ཏོག་རྣམ་པར་བཞད་པས།མདོག་དམར་སྐྱའི་ཚོན་མདངས་ཀྱིས་ལམ་ཆེན་འདི་ཉིད་ལ་སྐྱེ་སྟོབས་ཀྱི་དཔལ་བསྩལ་འདུག