ཐང་བྱིའུ་མིག་དམར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-24   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    ཐང་བྱིའུ་མིག་དམར་གྱི་རིང་ཚད་ལ་ལི་སྨི18ཡོད་པ་དང་།ཕོ་བྱ་དང་མོ་བྱའི་མདོག་མི་གཅིག་པ།ཕོ་བྱའི་སྨིན་མ་དང་འགྲམ་པ།མགྲིན་པ་སོགས་མདོག་དམར་སྐྱ་ཡིན།ལུས་སྟོད་མདོག་དམར་པོ་དང་ལུས་སྨད་ཐལ་མདོག་ཡིན།མོ་བྱ་ནི་ཕོ་བྱའི་མདོག་དམར་པོ་ཅན་རྣམས་མདོག་སེར་པོ་ཡིན་པ་དང་།ལུས་སྟོད་མདོག་ལྗང་ཁུ་དང་མགྲིན་པ་ཐལ་མདོག་ཡིན། 

    ཐང་བྱིའུ་མིག་དམར་ནི་ཁྱབ་པའི་གཞི་ཁྱོན་ཅུང་ཆེ་བ་སྟེ།ཧི་མ་ལ་ཡའི་རི་རྒྱུད་དེ་ནེ་པ་ལའི་དབུས་རྒྱུད་ནས་མཚོ་བོད་ས་མཐོའི་ཤར་ལྷོའི་རྒྱུད་དང་ཀྲུང་གོའི་ལྷོ་ནུབ་བར་ཡིན་པ་རེད།

    སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་ཐང་བྱིའུ་མིག་དམར་ནི་རྒྱུན་མཐོང་གི་བྱ་རིགས་ཤིག་ཡིན།