ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་གཙོ་བོ་རིགས་བརྒྱད་སྤེལ་རྒྱུ་མཚམས་སྦྱོར་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-24   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    ཟླ3པའི་ཚེས23ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་ཚོགས་འདུ་བསྡུས།ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་ཉིན་རྒྱུན་བྱ་བའི་འགནའཛིན་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུའེ་ཡིས་ཚོགས་འདུའི་སྟེང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་བྱ་འགུལ་སྤེལ་བའི་འབྲེལ་ཡོད་བཀོད་སྒྲིག་མཚམས་སྦྱོར་བྱས།ཝང་ཞའོ་ཧུའེ་ཡིས་བསྟན་དོན།ང་ཚོའི་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐྱེས་སྐར་སླེབས་དུས་རྟེན་འབྲེལ་བྱ་འགུལ་སྤེལ་རྒྱུ་ཡིན་ཏེ།ཏང་ཡོངས་དང་དམག་ཡོངས།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་རྣམས་སྐུལ་སློང་བྱས་ཏེ།སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།ཡིད་ཆེས་དང་རེ་བ་བརྟན་པོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བར་བསྙེགས་པར་གལ་ཆེའི་དོན་སྙིང་ལྡན།

    ཝང་ཞའོ་ཧུའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཏང་ཀྲུང་དབྱང་གིས་ཆོག་མཆན་ཐོབ་པའི་འཆར་གཞི་ལྟར་ན། རྟེན་འབྲེལ་བྱ་འགུལ་ལ་གཙོ་བོ་གཤམ་གྱི་ནང་དོན་དག་འདུས་ཡོད་ཏེ།
    གཅིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ།
    གཉིས། རྟེན་འབྲེལ་ཚོགས་ཆེན་བསྡུ་བ།
    གསུམ། བདུན་གཅིག་བྱས་རྗེས་གཟེངས་རྟགས་དཔྱད་འདེམས་དང་བྱ་དགའ་གནང་བ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་དཔྱད་འདེམས་དང་གཟེངས་བསྟོད་བྱེད་པ།
    བཞི། བརྗོད་དོན་གཙོ་བོའི་འགྲེམ་སྟོན་ཆེན་མོ་སྒྲུབ་པ།
    ལྔ། རིག་རྩལ་འཁྲབ་སྟོན་གཉེར་བ།
    དྲུག གཞུང་ལུགས་བགྲོ་གླེང་ཚོགས་འདུ་དང་བཞུགས་མོལ་ཚོགས་འདུ་བསྡུ་བ།
    བདུན། རིག་རྩལ་བརྩམས་ཆོས་དང་པར་སྐྲུན་དངོས་པོ་སྐོར་ཞིག་དཔར་འགྲེམ་བྱེད་པ།
    བརྒྱད། མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་སློབ་གསོ་བྱ་འགུལ་སྤེལ་བ།